数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་ཆུང་བརྒྱདཔས་རང་ཁུལ་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་10ཚེས་11ཉིན་ནས་ཚེས་12ཉིན་བར།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་ཆུང་བརྒྱད་པའི་ཚན་གཙོ་གཞོན་པ་ཝང་ཝུའུ་དང་བཅས་པ་རང་ཁུལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཕེབས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གི་མངགས་བཅོལ་ལྟར་ཁུལ་ཨུའི་རྒྱུན་ཨུ།དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞིང་ཚོགས་འདུར་ཞུགས་ཏེ་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་སྙན་ཞུ་བྱས། ཞིང་ཨུ་དྲིལ་སྒྲོག་པུའུ་ཡི་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་མེང་ཧྭ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་དུ་ཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།མཛོད་དགེ་རྫོང་ཨུའི་ཧྲུའུ་ཅི་ཚེ་བརྟན་བཞུགས་མོལ་ཚོགས་འདུར་ཞུགས།

སྙན་ཞུར་གསན་རྗེས་ཝང་ཝུའུ་ཡིས་རྔ་བ་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཐོབ་པའི་འཕེལ་རིམ་དང་ཕན་འབྲས་ཁས་ལེན་གང་ལེགས་བྱས།(བློ་བདག་གིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-10-15 4 4 阿坝日报藏文 c158505.html 1 ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་ཆུང་བརྒྱདཔས་རང་ཁུལ་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ། /enpproperty-->