数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱི་བགྲོད་ལམ་སྐྱེལ་འདྲེན་གྱི་དམངས་ཕན་ཞབས་ཞུའི་རྣམ་གྲངས་ཞིང་ཆེན་བརྒལ་ནས་བསྒྲུབ་ཐུབ།

ངེད་གསར་འགྱུར་གྱི་གསར་བཀོད།ཉེ་ཆར།ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྲིད་དོན་གཞི་གཅིག་ཅན་གྱི་ལས་སྒོའི་གཉེར་སྒྲུབ་མ་ལག་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་དྲྭ་སྦྲེལ་བགྲོད་ལམ་སྐྱེལ་འདྲེན་གྱི་དམངས་ཕན་ཞབས་ཞུའི་མ་ལག་གི་ལག་རྩལ་འབྲེལ་མཐུད་བྱས་ནས་ལས་སྒོ་མཉམ་སྒྲུབ་དང་གྲངས་གཞི་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པ་རེད། མིག་སྔར་ཁུལ་ཡོངས་ཀྱི་བགྲོད་ལམ་སྐྱེལ་འདྲེན་ལས་གཉེར་གྱི་ཐོབ་ཐང་ལག་ཁྱེར་གསབ་སྤྲོད་དང་།བརྗེ་སྤྲོད།ཐོ་ཁོངས་ནས་སུབ་པ།བརྗེ་སྤོར་བཅས་དང་།ལས་གཉེར་མི་སྣའི་ཡིད་རྟོན་དཔྱད་ཞིབ།ཟོག་འདྲེན་དཀྱུས་མའི་བགྲོད་ལམ་སྐྱེལ་འདྲེན་ལག་ཁྱེར་ས་ཆ་གཞན་ནས་ཞིབ་བཤེར་བྱེད་པ།སྤྱིར་བཏང་གི་དངོས་ཟོག་སྐྱེལ་འདྲེན་དང་ཉེན་ཆེའི་དངོས་ཟོག་སྐྱེལ་འདྲེན་གྱི་ལག་ཁྱེར་བརྗེ་ལེན་དང་། གསབ་སྤྲོད།ཐོ་ཁོངས་ནས་སུབ་རྒྱུ་སོགས་གཞུང་ལམ་སྐྱེལ་འདྲེན་གྱི་མཐོ་གསར་ཞབས་ཞུའི་དོན་ཚན་ཚང་མ་ཞིང་ཆེན་བརྒལ་ནས་བསྒྲུབ་ཐུབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཆེའི་མང་ཚོགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་སྐད་འཕྲིན་དང་། དྲྭ་སྦྲེལ་བགྲོད་ལམ་སྐྱེལ་འདྲེན་གྱི་དམངས་ཕན་ཞབས་ཞུའི་མ་ལག་གི་དྲྭ་ངོས། གཞུང་ལམ་སྐྱེལ་འདྲེན་གྱི་ཀུན་ཁྱབ་དྲྭ་མཛོད། གཞུང་ལམ་སྐྱེལ་འདྲེན་གྱི་APP། སི་ཁྲོན་ཞིང་ཆེན་སྲིད་དོན་ཞབས་ཞུའི་དྲ་བ་སོགས་ཐབས་ལམ་མང་བོར་བརྟེན་ནས་དགོས་མཁོའི་དོན་ཚན་ཐག་གཅོད་བྱས་ཏེ་བགྲོད་ལམ་སྐྱེལ་འདྲེན་གྱི་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།(གསར་འགོད་པ་བློ་བདག)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-10-15 4 4 阿坝日报藏文 c158507.html 1 རང་ཁུལ་གྱི་བགྲོད་ལམ་སྐྱེལ་འདྲེན་གྱི་དམངས་ཕན་ཞབས་ཞུའི་རྣམ་གྲངས་ཞིང་ཆེན་བརྒལ་ནས་བསྒྲུབ་ཐུབ། /enpproperty-->