数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

དེའི་རྗེས་སུ།

〈ཞར་བཀོད་གཅིག〉

བས་མཐར་ལོག་རྗེས།

སྨྲ་བ་འགག་པར་གྱུར།

ཆར་ཞོད་ཀྱི་རྗེས་སུ།

དགུན་ཁ་ཁད་ཀྱིས་ཚེས་སོང་།

སྐམ་ཞིང་རིད་པའི་ངོ་གདོང་།

བྱེ་ཐང་གི་སྡོང་བོ་བཞིན།

དགུ་ཚིགས་ཀྱི་ཕ་རོལ་དུ།

ཅི་འདྲའི་ཉམ་ཐག་པ་ཨང་།

དུས་ཚིགས་ཀྱི་གཙང་བོ་ལས།

གཅེས་འོས་པའི་མེ་ཏོག་དག

གློ་བུར་གློ་བུར་རྙིད་རྗེས།

མི་རྟག་པ་ནི་ཐ་སྙད་ཀྱིས་མཚོན་ཐབས་བྲལ།

བདག་གི་དུས་གསུམ་གྱི་ལོ་ཟླ།

རྩིགས་ལྡེབས་ངོས་ཀྱི་ཐ་གུར་བརྒྱུས་ནས།

སྙིང་རྗེ་བའི་མིང་རེ་སྦྱར་རྗེས།

རྡུལ་གྱི་དྲེག་པ་དང་མཉམ་དུ་མེ་རུ་བསྒྲོན།

ཟླ་འོད་བོར་བའི་ཕྱེ་ལེབ།

ངས་ཟླ་བར་བལྟས་ཏེ།

ཟླ་འོད་ཀྱི་ངོགས་ལས།

ཆེས་ཞི་བསིལ་ལྡན་པའི།

སྙན་ངག་ཅིག་འབྲི་དགོས་བསམས་མོད།

མཐར་ཟླ་འོད་ཀྱིས་ང་ལ་ཁེར་ཧྲེང་སྟེར།

སྐྱོ་གདུང་སྟེར། དྲན་པ་སྟེར། མིག་ཆུ་སྟེར།

མཇུག་ཏུ་ང་རང་སྐར་མའི་ཀོ་གྲུ་ཞིག་ཏུ་བསྐྱོན་ནས།

དགུ་ཚིགས་ཀྱི་གཙང་བོ་རབ་མེད་ཅིག་བརྒལ་ནས་སོང་།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-10-15 ♦འོ་སེ། 【རྔ་བ།】 〈ཞར་བཀོད་གཅིག〉 4 4 阿坝日报藏文 c158517.html 1 དེའི་རྗེས་སུ། /enpproperty-->