数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

རྒྱལ་སྟོན་སྐབས་སུ་མཛོད་དགེའི་ལྗོངས་སྐོར་ཁྲོམ་རར་ལྗོངས་སྐོར་བས་ཁེངས།

ངེད་གསར་འགྱུར་གྱི་གསར་བཀོད།རྒྱལ་སྟོན་སྐབས་སུ་མཛོད་དགེ་རྫོང་གིས་ཡུལ་སྐོར་གྱི་རྫོགས་ལྡན་དུས་སྐབས་བསུས་ཏེ། ལྗོངས་ཁུལ་སོ་སོར་ལྗོངས་སྐོར་བ་མང་བོ་བསུས་ཤིང་ལྗོངས་སྐོར་ཁྲོམ་རར་ལྗོངས་སྐོར་བས་ཁེངས་ཤིང་། ལྗོངས་སྐོར་བའི་སྣེ་ལེན་ཚད་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་གཉིས་ཐད་ནས་འཕར་སྣོན་བྱུང་སྟེ། ལྗོངས་སྐོར་ཁྲོམ་ར་སྤྱི་ཁོག་ནས་བདེ་འཇགས་ཡིན་ལ་གོ་རིམ་ལྡན་པ། སྤུས་ཀ་ལེགས་པ། ནུས་ཆོད་མཐོ་བ། ཡ་རབས་ལྡན་པ་བཅས་ཀྱི་དམིགས་ཡུལ་མངོན་དུ་གྱུར།

སྡོམ་རྩིས་ལྟར་ན། བཅུ་གཅིག་དུས་སྟོན་རིང་མཛོད་དགེ་རྫོང་གིས་ཁྱོན་ལྗོངས་སྐོར་བ་མི་ཐེངས་953630སྣེ་ལེན་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆ་0.02འཕར་ཞིང་། ལྗོངས་སྐོར་ཡོང་འབབ་སྒོར་ཁྲི་57277.8མངོན་དུ་འགྱུར་ཞིང་། དུས་མཉམ་ལས་བརྒྱ་ཆ་0.02འཕར་བ། འཛིན་བྱང་གི་ཡོང་འབབ་སྒོར་ཁྲི་412.81ཡོད་ལ། དུས་མཉམ་ལས་བརྒྱ་ཆ་19འཕར་བ། དེ་ལས་རྨ་ཁུག་དང་བོའི་སྣེ་ལེན་བྱས་ཚད་མི་ཐེངས་46512ཡིན་ལ། དུས་མཉམ་ལས་བརྒྱ་ཆ་25འཕར་ཏེ། ལྗོངས་སྐོར་ཡོང་འབབ་སྒོར་ཁྲི་375མངོན་དུ་འགྱུར་ཞིང་། དུས་མཉམ་ལས་བརྒྱ་ཆ་51འཕར། མཚོ་ཁྱ་ཁྲེབ་ཀྱི་སྐྱེ་ཁམས་ལྗོངས་སྐོར་ཁུལ་དུ་ཁྱོན་ལྗོངས་སྐོར་བ་མི་ཐེངས་21207སྣེ་ལེན་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆ་10.8འཕར་བ་དང་། འཛིན་བྱང་གི་ཡོང་འབབ་སྒོར་ཁྲི་193.08མངོན་དུ་གྱུར་ཏེ། དུས་མཉམ་ལས་བརྒྱ་ཆ་6.3འཕར་བ། རྫོགས་ལྡན་དུས་སྐབས་འདིའི་རིང་ལྗོངས་ཁུལ་སོ་སོའི་ལས་སྒྲུབ་པས་ཞབས་ཞུ་གང་ལེགས་བྱས་ཤིང་། ལྗོངས་ཁུལ་གྱི་སྒྲིག་ལམ་གོ་རིམ་ལྡན་ལ། ལྗོངས་སྐོར་བས་གཏུག་བཤེར་བྱས་པའི་གནས་ཚུལ་གཅིག་ཀྱང་བྱུང་མེད།

ཉེ་བའི་ལོ་ཤས་རིང་ལྗོངས་སྐོར་བའི་དགོས་མཁོའི་ཁྱད་ཆོས་དང་སྣ་མང་རང་བཞིན་ལ་དམིགས་ཏེ། མཛོད་དགེ་རྫོང་གིས་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་ལ་ཤུགས་སྣོན་སྒོས། གྲོང་གསེབ་དར་རྒྱས་དང་ལྗོངས་སྐོར་ཐོན་ལས་དབུལ་སྐྱོར་ལ་བརྟེན་ཏེ། ལྗོངས་ཁུལ་དང་སྐྱེ་ཁམས། རིག་གནས་བཅས་ཟུང་དུ་འབྲེལ་བའི་ལྗོངས་སྐོར་ནང་དོན་སྔོག་འདོན་དང་གསར་བཟོ་ལ་འབད་ཡོད། མ་འོངས་པར་མཛོད་དགེ་རྫོང་གིས་མུ་མཐུད་དུ་ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེར་བཏང་སྟེ། འདུ་ཤེས་གསར་སྐྲུན་དང་ཞབས་ཞུ་འཐུས་སྒོ་ཚང་བ། སྔར་ལས་ཞབས་ཞུ་ལེགས་ཤིང་སྒྲིག་ཆས་སྟབས་བདེ་ཅན་གྱི་ལམ་ནས་ལྗོངས་སྐོར་བ་མང་བོ་བཀུག་སྟེ། ལྗོངས་སྐོར་ཞབས་ཞུའི་མཚན་བྱང་གསར་བ་བསྐྲུན་པར་འབད་ངེས།

(འཕྲིན་སྤེལ་བ་དཔལ་མགོན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-10-15 4 4 阿坝日报藏文 c158524.html 1 རྒྱལ་སྟོན་སྐབས་སུ་མཛོད་དགེའི་ལྗོངས་སྐོར་ཁྲོམ་རར་ལྗོངས་སྐོར་བས་ཁེངས། /enpproperty-->