数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

མཛོད་དགེ་རྫོང་གིས་2021ལོའི་དྲ་བའི་བདེ་འཇགས་ དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྤེལ།

ངེད་གསར་འགྱུར་གསར་བཀོད།ཟླ་10ཚེས་11ཉིན། མཛོད་དགེ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྫོང་སྤྱི་བདེ་ཅུས་དང་རྫོང་སྤྱི་ཁྱབ་བཟོ་ཚོགས། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། རྫོང་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས། རྫོང་དཔལ་འབྱོར་ཆ་འཕྲིན་ཅན་ཅུས། གུང་གཞོན་ཚོགས་པའི་རྫོང་ཨུ་སོགས་དང་མཉམ་འབྲེལ་སྒོས། རྫོང་མཁར་དུ་མི་དམངས་ཆེད་དུ་དྲ་བའི་བདེ་འཇགས་སྲུང་བ་དང་དྲ་བའི་བདེ་འཇགས་མི་དམངས་ཀུན་ལ་རག་ལས་ཞེས་པ་བརྗོད་གཙོར་བྱས་ནས། རྒྱལ་ཁབ་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྤེལ།

བྱེད་སྒོའི་ཡུལ་དངོས་སུ་ལས་དོན་མི་སྣས་འགྲོ་འོང་མང་ཚོགས་ལ། ཇི་ལྟར་རྒྱུན་ལྡན་གྱི་དྲ་བའི་ཉེན་ཁར་ཁ་གཏད་འཇལ་བ་དང་། དྲ་བའི་བདེ་འཇགས་བཅའ་ཁྲིམས་ཤེས་བྱར་དབྱེ་ཞིབ་བྱེད་པ། རྒྱུན་མཐོང་གི་དྲྭ་ཐོག་བུན་གཏོང་མགོ་སྐོར་ལ་བག་ཟོན་བྱེད་པ་སོགས། དྲ་བའི་བདེ་འཇགས་དྲིལ་སྒྲོག་ལག་དེབ་བཀྲམ་པ་དང་། དྲ་བའི་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་འགྲེལ་བཤད་སྒོས། རྒྱ་ཆེའི་མང་ཚོགས་ཀྱིས་དྲྭ་ཐོག་མགོ་སྐོར་ལ་དོ་ཁུར་གྱིས་སྒེར་གྱི་གསང་བ་སྲུང་སྐྱོང་བྱས་ཏེ། ཚང་མས་མཉམ་དུ་དྲྭ་ཐོག་དཀྲོག་གཏམ་བཀག་འགོག་བྱེད་པར་གསལ་འདེབས་བྱས།

ཀྲུང་གོ་ཞིང་ལས་དངུལ་ཁང་མཛོད་དགེ་རྫོང་ཡན་ལག་དངུལ་ཁང་གི་ལས་མི་བསྟན་འཛིན་ནོར་བུས་བཤད་པར། གཟའ་འཁོར་འདི་ནི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱི་དྲ་བའི་བདེ་འཇགས་འདུ་ཤེས་ཇེ་ཆེར་གཏོང་ཆེད།དེ་རིང་ང་ཚོས་འདིར་འགྲོ་འོང་མང་ཚོགས་ལ་དྲ་བའི་བདེ་འཇགས་དྲིལ་སྒྲོག་གི་ལག་དེབ་སྤྲད་པ་དང་། དྲ་བའི་བདེ་འཇགས་ཤེས་བྱ་འགྲེལ་བཤད་བྱས་ནས། ཚང་མའི་དྲ་བའི་བདེ་འཇགས་ཤེས་བྱའི་ཆུ་ཚད་ཇེ་མཐོར་བཏང་ཡོད་ཟེར།

ད་ཐེངས་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོའི་དམིགས་ཡུལ་ནི། དྲ་བའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་དྲ་བའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་ནུས་རྩལ་ཇེ་ཆེར་བཏང་སྟེ། བདེ་ཐང་དང་ཡ་རབས་ཅན་གྱི་དྲ་བའི་ཁོར་ཡུག་གཏོད་རྒྱུ་དེ་རེད།(འཕྲིན་སྤེལ་བ་དཔལ་མགོན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-10-15 4 4 阿坝日报藏文 c158526.html 1 མཛོད་དགེ་རྫོང་གིས་2021ལོའི་དྲ་བའི་བདེ་འཇགས་ དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྤེལ། /enpproperty-->