数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:阿坝日报(藏文数字报2026.06.30)

ལྷ་ལམ་རིང་མོ་སྐྱིད་ཀྱི་རུ་མར་འཁྲུངས་ཞེས་པའི་མཉམ་འབྲེལ་བཅར་འདྲིའི་ཚོ་ཚུང་མཚོ་བོད་ལྕགས་ལམ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བཅར་འདྲིའི་ས་ཚུགས་ཕྱོགས་སུ་བསྐྱོད་པ།

ངེད་གསར་འགྱུར་གྱི་གསར་བཀོད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་སྐབས་འདིར། ལྷ་ལམ་རིང་མོ་སྐྱིད་ཀྱི་རུ་མར་འཁྲུངས་ཞེས་པའི་མཉམ་འབྲེལ་བཅར་འདྲིའི་ཚོ་ཚུང་ཉི་འོད་གྲོང་ཁྱེར་ལྷ་ས་ནས་ལམ་ལ་ཆས་ཏེ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་བཅར་འདྲིའི་ས་ཚུགས་ཕྱོགས་སུ་བསྐྱོད་པ་དང་། བཅར་འདྲིའི་ས་ཚུགས་ཀྱི་ཡུལ་དངོས་ནས་ངེད་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་གཞིས་ཀ་རྩེའི་རྒྱལ་སྤྱིའི་སྐམ་སའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ས་ཚུགས་ནི་བོད་ལྗོངས་ཀྱིས་ཡ་གླིང་ལྷོ་མར་སྒོ་འབྱེད་བྱས་པའི་ཟོག་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་། གཞིས་ཀ་རྩེའི་རྒྱལ་སྤྱིའི་སྐམ་སའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ས་ཚུགས་ཀྱིས་དངོས་ཟོག་བདག་དོམ་དང་ཞིབ་བཤེར། བར་བརྒྱུད་དང་གསོག་འཇོག་སོགས་ནུས་མང་གཅིག་འདུས་ཀྱི་འགན་འཁུར་ཡོད་པས། བོད་ལྗོངས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།2024ལོའི་ཟླ་8པར། ཞིབ་བཤེར་ས་ཚུགས་གཉེར་སྐྱོང་བྱེད་མགོ་ཚུགས་པ་ནས་བཟུང་། གཞིས་ཀ་རྩེའི་འགག་སྒོའི་ལས་ཁུངས་ཀྱིས་སྐྱིད་གྲོང་དང་ལེགས་རྩེ་སོགས་མཐའ་མཚམས་འགག་སྒོའི་ལས་ཁུངས་དང་མཐུན་སྦྱོར་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས“སྐམ་སའི་གྲུ་ཁའི་ཡིག་ཐོག་སྙན་ཞུ་དང་རང་ཁོངས་ནས་ཞིབ་བཤེར། འགག་སྒོ་ཐད་གཏོང་བཅས་བྱེད་པའི”ལྟ་སྐུལ་དོ་དམ་བྱེད་སྟངས་ལ་སྐུལ་འདེད་གཏོང་བཞིན་ཡོད།

དེ་དང་ཆབས་ཅིག་གཞིས་རྩེའི་འགག་སྒོའི་ལས་ཁུངས་ཀྱིས“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་འགག་སྒོའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཞིས་ཀ་རྩེའི་རྒྱལ་སྤྱིའི་སྐམ་སའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ས་ཚུགས་ཀྱིས“ཐོན་ཁུངས་གཅིག་སྡུད་དང་མཐུན་སྦྱོར་མཉམ་ལས། ཁྱབ་འགྱེད་སྐུལ་འདེད”བཅས་ཀྱི་འཕེལ་ཕྱོགས་ལ་ཤུགས་སྣོན་རྒྱག་བཞིན་ཡོད།མིག་སྔའི་བར། གཞིས་ཀ་རྩེའི་རྒྱལ་སྤྱིའི་སྐམ་སའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ས་ཚུགས་སུ་ཐོ་འགོད་བྱས་པའི་ཁེ་ལས་150ཟིན་པའི་ནང་དུ་བཟའ་བཅའི་ལས་སྣོན་དང་ཨར་ལས་རྒྱུ་ཆ། མཛོད་ཉར་ཟོག་འགྲེམས། དྲོད་རླངས་དང་དབྱང་རླུང་མཁོ་འདོན། དེ་མིན་ནུས་རྒྱུ་གཙང་མ་སོགས་ཀྱི་ལས་རིགས་ཚུད་ཡོད་པས། བོད་ལྗོངས་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་གཞིས་ཀ་རྩེའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་རེད།(གསར་འགོད་པ་བཀྲ་ཤིས་རབ་བརྟན།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2026-06-30 4 4 阿坝日报藏文 c226856.html 1 ལྷ་ལམ་རིང་མོ་སྐྱིད་ཀྱི་རུ་མར་འཁྲུངས་ཞེས་པའི་མཉམ་འབྲེལ་བཅར་འདྲིའི་ཚོ་ཚུང་མཚོ་བོད་ལྕགས་ལམ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བཅར་འདྲིའི་ས་ཚུགས་ཕྱོགས་སུ་བསྐྱོད་པ། /enpproperty-->