数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:阿坝日报

ཆུ་ཆེན་རྫོང་མ་ནའེ་གྲོང་རྡལ་གྱིས་བྲུབ་འགོག་གི“བདེ་འཇགས་དྲ་བ”དམ་པོར་བཙུགས་ནས་མང་ཚོགས་ཀྱི“ཚེ་སྲོག་གི་ལམ་ཐིགས”བརྟན་སྲུང་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། མིག་སྔར་བྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་པས་ཆུ་ཆེན་རྫོང་མ་ནའེ་གྲོང་རྡལ་གྱིས“བྲུབ་ཆུ་ཆེན་པོ་སྔོན་འགོག་དང་། ཉེན་ཁ་ཆེན་པོ་སེལ་བ། གནོད་འཚེ་ཆེན་པོ་སྐྱོབ་པའི”བླང་བྱར་གཞི་བཙུགས་ནས“དུས་དང་རྣམ་པ་ཀུན་ཏུ་བློ་བདེ་བའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དམ་འཛིན་ནན་མོ་དང་ཞིབ་ཕྲ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

མ་ནའེ་གྲོང་རྡལ་གྱིས་ཆུ་ལོག་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ས་ཁོངས་ཡོངས་སུ་ཆུ་ལོག་ལྟ་ཞིབ་ཚད་ལེན་ས་ཚིགས་8དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཚིགས་40བཀོད་སྒྲིག་བྱས་ཏེ་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཆེད་དོན་མཁོ་བསྟུན་སྔོན་ཇུས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་འབྲེལ་མཁོ་བསྟུན་ཐག་གཅོད་གོ་རིམ་ཞིབ་ཕྲར་བཏང་།རིམ་པ་རེ་རེས་གནོད་འགོག་ལྟ་ཞིབ་ཚད་ལེན་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་བརྒྱུད་རིམ་པ་ཁ་གསལ་དང་དབང་ཆ་དང་འགན་འཁྲི་ཁ་གསལ་གྱི་གནོད་འགོག་འགན་འཁྲིའི་དོན་འཁྱོལ་མ་ལག་བཙུགས་ནས་ཆུ་ལོག་སྔོན་འགོག་ལས་དོན་ལ་བརྩི་སྲུང་བྱེད་སའི་སྒྲིག་སྲོལ་ཡོད་པ་དང་འགན་འཁུར་མཁན་ཡོད་པའི་འགན་ལེན་བྱས།

གཞི་རིམ་གྱི་མཁོ་བསྟུན་ཐོལ་བྱུང་ཐག་གཅོད་ནུས་པ་ཆེ་རུ་གཏོང་ཆེད། རྒྱུན་རྣམ་ཅན་དུ་བྲུབ་འགོག་དང་ས་གཤིས་གནོད་འཚེའི་ཆེད་དོན་ལས་སྒོའི་གསོ་སྦྱོང་སྤེལ་ལ། གསོ་སྦྱོང་དུ་རྒྱུན་གཏན་གྱི་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན། ཉེན་ཁའི་གནས་ཚུལ་དབྱེ་འབྱེད་ཞིབ་གཅོད།ཡར་ཞུའི་བརྒྱུད་རིམ། ཐོལ་བྱུང་གནས་ཚུལ་ཐག་གཅོད་སོགས་གཙོ་གནད་གོ་རིམ་དང་དམ་པོར་སྦྲེལ་ནས་རིམ་རྩིས་ལྟར་ན་མི་ཐེངས་60ལྷག་རྩ་འཛུགས་བྱས་ཏེ་སྦྱོང་བརྡར་དུ་ཞུགས་ནས་གཞི་རིམ་གྱི་ལྟ་ཞིབ་ཚད་ལེན་དཔུང་ཁག་གི་ཆེད་ལས་འགན་འཁྲི་སྒྲུབ་པའི་ནུས་པ་མཐོར་འདེགས་བཏང་། དེ་དང་ཆབས་ཅིག་མ་ནའེ་གྲོང་རྡལ་གྱིས་མཁོ་བསྟུན་ཉེན་གཡོལ་འཁྲབ་སྦྱོང་ཐེངས་3རྩ་འཛུགས་ལག་བསྟར་བྱས་ཏེ་མཚན་མོའི་ཉེན་གཡོལ་ཐག་གཅོད་ཀྱི་གོ་རིམ་ཞན་སར་དམིགས་ནས་གྲོང་རྡལ་དང་གྲོང་ཚོའི་མཁོ་བསྟུན་མཉམ་འགུལ་དང་མང་ཚོགས་མགྱོགས་མྱུར་ཕྱིར་འཐེན་བྱེད་པའི་ནུས་པ་ཆེ་རུ་ཕྱིན།

གཞན་ཡང་མ་ནའེ་གྲོང་རྡལ་གྱིས་མངོན་མེད་རྐྱེན་ངན་གྱི་གནོད་འཚེ་སྔོན་འགོག་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་ནས་ཁྱིམ་ཚང་རེ་རེ་བཞིན་ལ་ཉེན་གཡོལ་གསལ་བཤད་བྱང་བུ་སྤྲད་དེ་རིགས་མཐུན་རོགས་སྐྱོར་གྱི་འགན་འཁུར་བ་དང་། ཛ་དྲག་དུས་ཀྱི་ཕྱིར་འཐེན་ལམ་ཐིག ཉེན་གཡོལ་བཀོད་སྒྲིག་བྱ་ཡུལ་བཅས་ཁ་གསལ་བཟོས་ཏེ་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་པའི་རྒྱུན་ཤེས་ཁྱབ་གདལ་བཏང་། རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་གི་ཉེན་བརྡའི་མཚོན་རྟགས་དང་། ལྟ་ཞིབ་ཚད་ལེན་ཡོ་བྱད་སོགས་གནོད་འགོག་སྒྲིག་བཀོད་འཐུས་ཚང་དང་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་གནོད་འགོག་གི་འདུ་ཤེས་སེམས་སུ་ཟུག་པར་བྱས།

བྲུབ་དུས་སླེབས་ཚུན་མ་ནའེ་གྲོང་རྡལ་གྱིས་ཉེན་སེལ་ཡོ་བྱད་དང་སྲོག་སྐྱོབ་ཡོ་བྱད་སོགས་མཁོ་བསྟུན་དངོས་ཟོག་ཚད་གཞི་ལྟར་བཀོད་སྒྲིག་བྱས་ཏེ་ཐོ་འགོད་དང་གནས་གཏན་འཁེལ་གྱི་ཉར་ཚགས་བྱེད་པ་ལག་བསྟར་བྱས། ཆར་ཆུ་དང་། ཆུའི་གནས་ཚུལ། ས་གཤིས་གནོད་འཚེའི་གནས་ཚུལ་བཅས་ལ་དུས་ཐོག་ཏུ་དོ་སྣང་ནན་མོ་བྱས་ཏེ་རང་འགུལ་ངང་གཡོལ་ཐབས་དང་། སྔ་སྣུར་དུ་གཡོལ་ཐབས་བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ་རིམ་རྩིས་ལྟར་ན་མང་ཚོགས་མི་ཐེངས་700ལྷག་རྩ་འཛུགས་ཉེན་གཡོལ་གནས་སྤོ་བྱེད་པར་བྱས་ཏེ་མི་སྣའི་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོར་བསྲུངས་སོ།།

(གསར་འགོད་པ་ཚེ་དཔག་ལྷ་མོ།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-07-14 4 4 阿坝日报藏文 c227252.html 1 ཆུ་ཆེན་རྫོང་མ་ནའེ་གྲོང་རྡལ་གྱིས་བྲུབ་འགོག་གི“བདེ་འཇགས་དྲ་བ”དམ་པོར་བཙུགས་ནས་མང་ཚོགས་ཀྱི“ཚེ་སྲོག་གི་ལམ་ཐིགས”བརྟན་སྲུང་བྱས། /enpproperty-->