རྔ་བའི་ཕྱི་རུ་སོང་ནས་ཁྱོན་ཡོངས་འཚོལ།། དུས་ཀྱི་བཀག་རྒྱ་གཏོར་ནས་མ་འོངས་སྙེགས།། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་ནི་རང་ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་ཚད་གཞིའི་ཐབས་ལམ་ཁ་གསལ་བཟོས་ཏེ་དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་རྟེན་གཞི་འཛུགས་སྐྲུན་གྱི“ཕྱོགས་སྟོན་ལམ་ཐིག”དང“ལས་འགན་ཡི་གེ”བཏོན་ཡོད། དེ་ནི་རང་ཁུལ་གྱི་གནས་ཚུལ་དངོས་ཡིད་ལ་གསལ་བོར་ངེས་རྗེས་བཟོས་པའི་ཁྱད་ལྡན་ཅན་གྱི་འཕེལ་རྒྱས་ཐབས་ལམ་ཞིག་ཡིན་ལ། རྔ་བའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད་སྒུལ་ནུས་ཆེན་པོ་བསྣན་ཡོད།
མིག་རྒྱང་རིང་བོར་བསྲིངས་ན་འབྱུང་འགྱུར་གྱི་འགྲན་རྩོད་ཁྲོད་རྒྱལ་ཁ་འཐོབ་ངེས། སི་ཁྲོན་ལ་མཁོ་བའི་ལས་གང་ནི་རྔ་བས་རྟག་ཏུ་འབད་པ་བྱེད་པའི་གནས་དེ་ཡིན། དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ནི་ཞིང་ཨུས་རྔ་བར་སྤྲད་པའི་ལས་འགན་གལ་ཆེན་དང་འཐབ་ཇུས་ཀྱི་འགན་འཁྲི་ཞིག་དང་། མཐོ་སྒང་མི་རིགས་ས་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བའི་འཕེལ་རིམ་ཁྲོད་ཀྱི་རྔ་བས་འཁུར་བའི་དུས་རབས་ཀྱི་འགན་འཁྲི་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་འགྲོ་བ་དང་རིམ་པ་འཕར་བར་བྱེད་པའི་དོན་སྙིང་གཙོ་བོ་ཞིག་ཀྱང་ཡིན། ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་རྩ་བ་བརྟན་དུ་གཏོང་བ་དང་རིགས་སྒྱུར་རིམ་སྤོར། དམངས་ཕྱུག་ཁུལ་དར་ཡོང་བ་སོགས་རྔ་བའི་རང་ངོས་ནས་བརྗོད་ན། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱིས་དེང་རབས་མཐོ་སྒང་ཁྱད་ལྡན་ཞིང་འབྲོག་ལས་རིགས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་གར་སྟེགས་ཡངས་ཤིང་རྒྱ་ཆེ་བ་ཞིག་མཁོ་འདོན་བྱས་ཡོད་པས་དེའི་གོ་སྐབས་དམ་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ།
འཐབ་ཇུས་གོ་སྐབས་ཁྲོད་ནས་ཁ་ཕྱོགས་ཡང་དག་འཚོལ།། དགེ་མཚན་བསྡུར་བའི་ཁྲོད་ནས་གོམ་བརྒལ་ཡོང་ཐབས་བྱ།། གྲངས་འབོར་དང་སྤུས་ཚད་མཐོར་གཏོང་། སྦྲེལ་ཐག་རིང་དུ་བསྲིངས་བ། ཕན་འབྲས་ཆེ་རུ་གཏོང་སོགས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རྔ་བའི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཞིང་འབྲོག་ལས་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས་ནུས་ཤུགས་ཡོད་རྒུས“ཁྱད་ལྡན་བྱ་གཞག”ཡག་པོ་སྒྲུབ་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས“གསེར་ལྡན་སྒོ་བྱང”གསལ་པོ་བཟོས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཆེད་རྔ་བའི་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས།
རྔ་བའི“ཁྱད་ཆོས”ཚད་མེད་བཟང་།། ལེགས་པར་གཏོང་བ་དེང་གི་དུས།། དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་རྟེན་གཞི་འཛུགས་སྐྲུན་བྱེད་པར་མིག་སྔའི་མདུན་ལྗོངས་ཧ་ཅང་ཡངས་བས་བྱས་རྗེས་ཆེན་པོ་འཇོག་དགོས་ཤིང་། འགག་རྩ་ནི་མིར་ཐུག་ཡོད། ང་ཚོས་བརྩེ་བ་ཡོད་པ་དང་ཡར་སྐྱེད་ཀྱི་བསམ་པ་བཟུང་ནས་དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་གཡོ་བ་མེད་པ་དང་མཐོ་ནས་མཐོ་རུ་འགྲོ་བ། ལམ་ཁ་གསར་བའི་ཕྱོགས་སུ་བསྐྱོད་དེ་དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས་རྟེན་གཞི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་བ་ཡོང་བ་དང་རྣམ་པ་གསར་བ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།



