数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:阿坝日报

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྔ་བ།

ཚ་བ་ཆེ་བའི་དུས་ཚིགས་སུ་ཉི་མ་མེ་དང་མཚུངས་ཀྱང་།རབ་མཛེས་ཀྱི་རྔ་བའི་འཛིན་མའི་ཁྱོན་ལ་བསིལ་རླུང་དལ་གྱིས་ལྡང་ཞིང་།ཆར་ཆུ་དུས་སུ་བབས་པས་མི་སེམས་བདེ་ལ་བསྐུར།གངས་རིའི་མགུལ་ནས་འོངས་པའི་གཙང་ཆབ་སྔོན་མོས་སྙན་མོའི་གླུ་དབྱངས་ལེན་བཞིན་མཐའི་རྒྱ་མཚོར་འབབ་པ་སོགས་བརྟན་གཡོའི་འཇིག་རྟེན་གྱི་སྙན་པ་བརྗོད་ཀྱིས་མི་ལང་།

ཡུལ་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་བློ་གྲོས་ལས་འཁྲུངས་པའི་རིག་གནས་ཀྱི་ཁྱད་འཕགས་ལ་བརྟེན་ནས།གྲོང་གསེབ་ཡུལ་སྐོར་གྱི་བྱ་གཞག་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཏེ།རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིའི་ཕྱོགས་སུ་གོམ་སྟབས་བསྒྱུར་བའི་ལེའུ་གསར་བ་འབྲི་བའི་ཆས་ལ་ཞུགས།

ཚང་ཚིང་གཡུ་ལོ་བཀྲ་བའི་ནགས་ཚལ་དང་མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་སྐྱེ་དངོས་སྣ་ཚོགས་ཀྱིས་ཕྱུར་བུ་གཏམས་པའི་རྫོགས་ལྡན་གྱི་དབྱར་གཞུང་ནི།ཕྱོགས་བཞིའི་མགྲོན་པོའི་ལུས་བདེ་སེམས་སྐྱིད་ཀྱི་གནས་མལ་དང་། ཡུལ་འདིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་འགྲོ་བའི་རུ་མར་གྱུར་དང་འགྱུར་བཞིན་གདའ།

ཉེ་བའི་ལོ་ཤས་རིང་།རྔ་བ་ཁུལ་གྱིས་ལྟ་བས་ཆོག་མི་ཤེས་པའི་རང་བྱུང་གི་མཛེས་པ་དང་མི་རིགས་སོ་སོའི་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་ཀྱི་དགེ་མཚན་ལ་གཞི་བཙུགས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ནས།སྐྱེ་ཁམས་དང་རིག་གནས་མཉམ་འདྲེས་ཀྱི་ལམ་བུ་འཚོལ་སྙེག་དང་།གྲོང་གསེབ་ཡུལ་སྐོར་གྱི་ལམ་བུ་གསར་བ་བཅས་བཙལ་ཏེ།ཁུལ་ཡོངས་ཀྱི་སྐྱེ་ཁམས་དང་ཁམས་གསོ།རིག་གནས་དང་ཡུལ་སྐོར་བཅས་ཀྱིས་མཚོན་པའི་ཐོན་ལས་མཉམ་འདྲེས་ལ་འབད་འབུངས་ཆེས་ཆེར་བྱས།

གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་འགྲོ་བའི་གཞི་མ་ནི་རིག་གནས་ཡིན།མའོ་རྫོང་གི་ཆའང་སྡེའི་གྲུ་ག་སོ་སོ་ནས་ཐོས་འཛིན་གྱི་བཅུད་དུ་འབབ་པའི་ཆའང་གླུ་སྙན་མོ་སེམས་ཀྱི་ངལ་དུབ་སེལ་བའི་སྨན་མཆོག་དང་།ལྷོད་ཆགས་པའི་སྟངས་སྟབས་ཀྱི་བྲོ་གར་ནི་མིག་གི་ལོངས་སྤྱོད་ཡིན།ཡུལ་འདིའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་བཟོ་ཁང་དུ།ཡུལ་སྐོར་བ་རྣམས་ཀྱིས་ཆའང་རིགས་ཀྱི་ཁབ་སྐུད་རེ་རེ་ལས་གྲུབ་པའི་གྱོན་གོས་ལ་མྱོང་རོལ་བྱས་ཏེ།ཆའང་རིགས་ཀྱི་རྒྱུན་ཆག་བརྩོན་པ་མ་བཏང་བའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་བྱས།

རྔ་བ་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་ནི་ཕྱི་སྣོད་ཀྱི་མཛེས་ལྗོངས་གཅིག་པུ་མ་ཡིན་པར།མི་དང་རང་བྱུང་ཁམས།སྲོལ་རྒྱུན་དང་དེང་རབས་བཅས་ཀྱི་བསྡུས་གཟུགས་ཤིག་ཡིན།ཡུལ་འདིའི་སྔོ་ལྗང་གི་ལོ་འདབ་རེ་རེ་ནི་སྐྱེ་ཁམས་ཀྱི་ནོར་བུ་ཡིན་ལ།མགྲིན་པའི་ངག་ལས་མཆེད་པའི་གླུ་དབྱངས་རེ་རེ་ནི་རིག་གནས་ཀྱི་གཞི་མ་ཡིན།ནག་ཆུང་གི་ཡིག་འབྲུ་རེ་རེ་ནི་ཕྱུག་འགྱུར་གྱི་རྡོ་རིང་ཡིན།

དེང་སང་།རབ་མཛེས་ཀྱི་རྔ་བའི་ཕྱི་སྣོད་ཀྱི་བཀོད་པ་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་དང་།མི་རྣམས་ཀྱི་འཚོ་བ་དབྱར་གྱི་མཚོ་མོ་བཞིན་ཡར་རྒྱས་ཡར་དར་དུ་སོང་དང་འགྲོ་བཞིན་གདའོ།།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-08-14 4 4 阿坝日报藏文 c228063.html 1 མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྔ་བ། /enpproperty-->