数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

སྲ་འཐས་ས་རྒོད་དབུལ་སྒྲོལ་ལམ་ནས་བཏུལ།

ཟུང་ཆུ་རྫོང་ཁྲི་རྗེ་གྲོང་ཚོའི་ཐོན་ལས་སྒྲིག་གཞིའི་སྙོམས་སྒྲིག་གི་ཟུར་བཀོད།

ན་ནིང་གི་ཟླ11པའི་ཟླ་མཇུག་ཏུ་ཟུང་ཆུ་རྫོང་ཁྲི་རྗེ་གྲོང་ཚོའི་གྲོང་ལམ་ཁ་བས་བཟུང་འདུག་ཅིང་། གྲོང་ཚོར་ཐོན་མ་ཐག་ཏུ་གྲོང་ཨུའི་ཀྲུའུ་རེན་རིན་ཆེན་ལྷུན་འགྲུབ་ཀྱིས་ད་ལྟ་ཁྲི་རྗེ་གྲོང་ཚོའི་གྲོང་བ་ཚོ་ལམ་རྙིང་འདིར་བགྲོད་ཀྱི་མེད་ལ། གྲོང་ཚོར་ལམ་གསར་དུ་བསྐྲུན་ཡོད་ཅེས་གདོང་ལ་འཛུམ་གྱིས་ཁེངས་ཞོར་དུ་གསར་འགོད་པར་བཤད། རིན་ཆེན་ལྷུན་འགྲུབ་ཀྱིས་ལམ་ཁྲིད་དེ་ང་ཚོས་ཁྲི་རྗེ་གྲོང་ཚོར་སྐོར་བ་གཅིག་བརྒྱབ་ཅིང་། ལམ་བར་དུ་ཧྲུའུ་ཅི་དང་པོ་དབྱིན་ཆི་ཞུང་གིས་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་གི་འགྱུར་ལྡོག་བསམ་གྱིས་མི་ཁྱབ་ཟེར་བཞིན་ཧ་ལས་འདུག

2015ལོར་དབྱིན་ཆི་ཞུང་ཟུང་ཆུ་རྫོང་རྒྱལ་ཁབ་ཁྲལ་དོན་ཅུས་ནས་ཁྲི་རྗེ་གྲོང་ཚོའི་ཧྲུའུ་ཅི་དང་པོར་ཐོན་ཞིང་། ཁོའི་ཐོག་མའི་བག་ཆགས་ནི་གནས་འདིར་རྩྭ་ལྡུམ་གྱིས་ཁེངས་པའི་ས་རྒོད་ཡིན་པར་མ་ཟད། གྲོང་ཚོ་ཡོངས་སུ་དབུལ་ཕོངས་པ་བགྲང་གིས་མི་ལང་། གྲོང་བ་རེ་རེ་བཞིན་འདྲི་རྩད་བྱས་ནས་རྒྱུས་ལོན་བྱུང་བར། ཁྲི་རྗེ་གྲོང་ཚོ་ནི་རི་མ་སྐེད་དུ་ཆགས་ཤིང་དགུན་རིང་དབྱར་ཐུང་བས་འབྲུ་རིགས་མཚར་སྐྱེར་ཚད་བཀག་ཡོད་ཅིང་། མང་ཤོས་ནི་སྲོལ་རྒྱུན་གྱི་འབྲུ་རིགས་ཏེ་ཞོག་ཁོག་དང་། སྲན་མ་ཁོ་ན་ཡིན་ལ། ལོ་ལེགས་མེད་པའི་ཁར་ཕག་རྒོད་སོགས་ཀྱི་གཏོར་བརླག་ཐེབས་ཀྱི་ཡོད་ཕྱིན། འབྲས་བཟང་མ་སྨིན་ཚེ་མང་ཚོགས་ཀྱང་ས་ཞིང་འདེབས་པར་དཔའ་ཞུམ་པས། ཞིང་ས་དག་རིམ་བཞིན་དུ་ས་རྒོད་དུ་གྱུར་བ་རེད།

ཞིང་བས་ས་ཞིང་རང་དགར་གྱིས་བསྐྱུར་ན་དབུལ་སྒྲོལ་ཕྱུག་སྒྱུར་གྱི་ལམ་བུ་ཇི་ལྟར་འཚོལ། དབྱིན་ཆི་ཞུང་གིས་སྣེ་ཁྲིད་དེ་ཁྲི་རྗེ་གྲོང་ཚོར་སྔོ་ཚལ་དང་། ལྕུམ། མཱ་ཁཱ་སོགས་བཏབ་ཀྱང་ལོ་ལེགས་མ་བྱུང་ཡང་། དབྱིན་ཆི་ཞུང་ཁྱིམ་ཚང་རེ་རེ་བཞིན་མཚམས་འདྲིར་འགྲོ་སྐབས་ཁྱིམ་ཚང་ཞིག་གི་ར་བ་རུ་སྒོག་པ་བཏབ་པར་འབྲས་བཟང་སྨིན་པ་འདུག་པ་མཐོང་རྗེས། ཁོས་དབུལ་སྒྲོལ་གྱི་རེ་བ་གཞན་ཞིག་གསར་དུ་རྙེད་པ་རེད། ཁོས་གྲོང་ཚོའི་ཀྲུའུ་རེན་རིན་ཆེན་ལྷུན་འགྲུབ་དང་སྒོག་པ་འདེབས་པར་གྲོས་མོལ་བྱས་ཚེ་ཁོ་རང་མོས་མཐུན་བྱུང་།

ཕྱིར་ཁྱིམ་དུ་ཐོན་ནས་ཁོས་ཡིག་ཆ་བཀླགས་རྗེས་སྒོག་པ་འདིའི་རིགས་ཀྱི་ཕྱི་ཤུན་གློ་ཁ་ཡིན་ལ། མཐོ་འཁྱགས་དུག་མེད་ཡུལ་དུ་སྐྱེ་ཐུབ་པ་དང་། སྒོག་པ་དཀར་པོ་དང་བསྡུར་ན་ཟླ་བ1ཡས་མས་ཤིག་གིས་སྨིན་འཕྱི་བ་ཡོད་པ་སོགས་རྒྱུས་ལོན་བྱུང་།

ཕག་རྒོད་ནི་དྲི་ངན་ལ་རྫི་གསང་རྣོ་བས་སྒོག་པར་བཏུད་མི་ཕོད་པ་ཡིན་འདུག དབུལ་ཕོངས་པ་སྐལ་ལོ་ནི་ཁྲི་རྗེ་གྲོང་ཚོའི་བུད་མེད་ཏང་ཡོན་ཞིག་ཡིན་པས་དབྱིན་ཆི་ཞུང་གིས་དང་ཐོག་ཁོ་མོ་བཙལ་ཞིང་། མོས་དབྱིན་ཆི་ཞུང་གིས་བསམ་ཚུལ་ལ་ཉན་རྗེས་བཤད་རྒྱུར། ང་རང་ཏང་ཡོན་ཞིག་ཡིན་པས་ཆ་ནས་སྣེ་ཁྲིད་ཀྱི་ནུས་པ་འཐོན་དགོས་ཀྱི་ཡོད་སྟབས། ངེད་ཚང་གིས་གདབ་རྒྱུ་ཡིན་ཞེས་སྤོབས་པ་ཆེན་པོས་བཤད།

སྐལ་ལོ་ཚང་ལ་ས་མུའུ13ཡོད་པར་མུའུ2སུ་སྒོག་པ་འདེབ་པར་ཚོད་ལྟ་བྱས་པར་ཡོང་སྒོ་སྒོར་ཁྲི་ལྷག་ལོན། ན་ནིང་ཁོ་མོ་ཚང་དང་ཁྱིམ་ཚང་གཞན་པ་འགས་མཉམ་དུ་རྩྭ་ཐང་དུ་འབྲོག་ཁྱིམ་སྤྲོ་གསེང་གླིང་ག་ཕྱེས་པར། གཟི་རྩའི8•8ས་འགུལ་གྱི་བར་ཆད་ཐེབས་ཀྱང་སྒོར་ཁྲི་ལ་ཉེ་བའི་ཡོང་སྒོ་ལོན་པས། མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བ་གླེང་སྐབས་སྐལ་ལོ་སྤོབས་པ་དང་རེ་བས་ཁེངས་འདུག སྔོན་ཆད་ཀྱི་ས་རྒོད་དེ་ད་ལྟ་རིན་ཆེན་གཏེར་མཛོད་དུ་གྱུར་ཡོད། ཁྲི་རྗེ་གྲོང་ཚོས་སྒོག་པ་ལས་གཞན་ས་མུའུ70ལྷག་གི་སྙི་བ་བཏབ་ཡོད།

སྔོན་ཆད་ཁྲི་རྗེ་གྲོང་ཚོ་ནས་ཁ་པར་ཞིག་གཏང་དགོས་ཀྱང་རི་མགོ་གང་སར་ཉུལ་ནས་བརྡ་རྟགས་འཚོལ་དགོས་ཀྱི་ཡོད་ལ། དབུལ་སྒྲོལ་གནད་འཁེལ་གྱི་རྗེས་སུ་གློག་འཕྲིན་སྤོར་འཕྲིན་སོགས་ཀྱི་ས་ཚིགས་བསྐྲུན་པས། 4Gབརྡ་རྟགས་ཀྱིས་གང་སར་ཁྱབ་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་ལ་རིན་མེད་དུ་དྲ་བ་འཐེན།

སྐབས་དེར་དབུལ་ཕོངས་པ་ནམ་མཁས་མེན་དབྱང་དུ་སློབ་གྲྭར་སོང་བའི་བུ་མོར་སྐད་འཕྲིན་ནས་ཁ་བརྡ་གློད་བཞིན་འདུག གྲོང་ཚོའི་ཀྲུའུ་རེན་རིན་ཆེན་ལྷུན་འགྲུབ་ཀྱིས་བཤད་རྒྱུར། 4Gབརྡ་རྟགས་ཡོད་པས་རང་ཁྱིམ་ནས་དྲ་བར་ཞུགས་ཆོག་ལ། ཁ་པར་ནས་གསར་འགྱུར་ལ་བལྟ་ཐུབ་པས་ཧ་ཅང་སྟབས་བདེ་པོ་ཡོད་ཅེས་བཤད། ང་ཚོས་ད་དུང་ཁྲི་རྗེ་གྲོང་ཚོའི་ཞིང་བའི་མཚན་ཚོགས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ཡོད་ལ། སྲིད་ཇུས་དྲིལ་སྒྲོག་དང་བརྡ་གཏོང་བ་སོགས་ལ་སྐད་འཕྲིན་ཚོགས་པ་ཤིན་ཏུ་སྟབས་བདེ་པོ་ཡོད་ཅེས་བཤད།

གྲོང་ཚོ་རུ་ང་ཚོ་དབུལ་ཕོངས་པ་ཚེ་དབང་རྒྱལ་མཚན་དང་ཕྲད་ཅིང་ཁོས་ང་ཚོ་ཁོང་ཚང་ལ་མགྲོན་དུ་བོས་བྱུང་། ཁོས་ང་ཚོར་ཁོང་ཚང་གི་ལོ་འདི་དག་གི་འགྱུར་ལྡོག་གླེང་ཞིང་། ངལ་རྩོལ་ནུས་ཤུགས་དང་ལག་རྩལ་ཞན་པ་སོགས་ནི་ཁོང་ཚང་དབུལ་ཕོངས་སུ་གྱུར་བའི་རྒྱུ་གཙོ་བོ་ཡིན་ལ། རི་ཆུ་ནགས་གསུམ་ནི་རིན་ཆེན་གསེར་ལས་ལྷག་ཅིང་། ཁྲི་རྗེ་གྲོང་ཚོའི་འགོ་ཁྲིད་པ་རྣམས་ཀྱིས་ས་ཁམས་ཁོར་ཡུག་གི་མཐུན་རྐྱེན་གཞིར་བཟུང་ནས་ཁོང་ཅག་གིས་སྣེ་ཁྲིད་དེ་སྒོག་པ་དང་། ས་གནས་རང་གི་སྨན་རྫས་སོགས་བཏབ་སྟེ་ཕྱུག་སྒྱུར་གྱི་ལམ་དུ་ཞུགས་སོ།། (ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 ཟུང་ཆུ་རྫོང་ཁྲི་རྗེ་གྲོང་ཚོའི་ཐོན་ལས་སྒྲིག་གཞིའི་སྙོམས་སྒྲིག་གི་ཟུར་བཀོད། 4 4 阿坝日报藏文 c50740.html 1 སྲ་འཐས་ས་རྒོད་དབུལ་སྒྲོལ་ལམ་ནས་བཏུལ། /enpproperty-->