数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ང་དང་ནུ་མོའི་ལས་དབང་།

བྱམས་ལྡན་མ་ལོའི་ལང་ཚོ་དར་ལ་བབས་ཤིང་།འཇིག་རྟེན་ཡོངས་ལ་འོད་སྣང་གི་བདེ་བས་ཁེངས་ཤིང་།བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ལོ་ཟླ་ཞིག་ལ་ང་རང་འཇིག་རྟེན་འདིར་འོངས་པ་ཡིན།

དྲིན་ཆེན་མ་ལོའི་ཟླ་དགུ་ཞག་བཅུར་ལུས་ལ་ཁུར་ཞིང་མངར་མོའི་ནུ་ཞོའི་ང་རང་གསོས་ལ་སེམས་པའི་དྲོད་ཀྱིས་ང་རང་བསྐྱངས།འདི་ལྟར་ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་ཨ་མའི་པང་ནས་གྱེར་ཞིང་།ཁྱིམ་གཞི་འདིའི་མགྲོན་པོར་གྱུར།དུས་དེ་ནས་བཟུང་ང་ནི་གཤོག་པ་ཡ་གཅིག་ཐོགས་པའི་བྱིས་པ་བསམ་མེད་ཅིག་སྟེ།ཤེས་མེད་ཚོར་མེད་ཀྱིས་འཇིག་རྟེན་འདིར་གང་ཡང་མེད་པར་ལག་སྟོང་དུ་འོངས་པ་ཡིན།དེ་ལྟར་བྱམས་ལྡན་མ་ལོས་མེད་པ་ཐམས་ཅད་ང་ལ་བསྩལ་ཞིང་མི་ཤེས་པ་ཐམས་ཅད་ང་ལ་བསླབས།

དགུན་ཙག་རླུང་ཁྲོད་ནས་ང་བསྐྱངས་ཤིང་དབྱར་ཆར་ཆུའི་ཁྲོད་ནས་ཀྱང་ང་རང་བསྐྱངས།དེ་ལྟར་བགྲང་བྱ་དུ་མ་ཡུན་གྱིས་འདས་ཤིང་།ང་རང་རིམ་བཞིན་ནར་སོན།དེ་དུས་ངེད་ཚང་ལའང་མགྲོན་པོ་གསར་བ་ཞིག་ཕེབས་པའི་དན་རྟགས་བྱུང་།དེ་ནི་ངའི་སྙིང་འདྲ་བའི་ནུ་མོ་སྟེ་ཨ་མའི་སེམས་ཀྱི་ནོར་བུ་ཡིན།ཁོ་མོ་ནི་ངེད་གཟའ་མི་ཡོངས་ཀྱི་ཡ་ཐོད་ཀྱི་དཔྲལ་བའི་མིག་བཞིན་དུ་གྱུར་ལ།ཨ་མྱེས་དང་ཨ་ཡེས་གཉིས་ཀྱི་ཡ་ཆུང་སྲོག་ཏུ་གྱུར།དེ་བས།གཉེན་ཉེ་ཡོངས་ཀྱིས་སེམས་ཀྱིས་གཅེས་ཤིང་བྱམས་ཀྱིས་གཉོར།དེའི་རྒྱུ་མཚན་ནི།ཁོ་མོ་ནི་ངེད་ཚང་གི་ཆེས་ཆུང་བའི་གཅེས་ཕྲུག་མ་ཡིན།

ལོ་དང་ཟླ་བ་ཡུན་གྱིས་བཞུད་དེ་ང་རང་ནར་སོན་ཏེ་མ་ཡུམ་སློབ་གྲྭའི་སྒོ་ཐེམ་སྙེགས།ཀ་ཁའི་དབྱངས་རྟ་ངག་ལ་གྱེར་ཞོར་ན་མཉམ་ཚོ་དང་མཉམ་དུ་འབད།

ངེད་གཉིས་ཀྱི་ལས་དབང་ནི་འདི་ལྟར་ཏེ།ཆུང་དུས་ནས་ཕ་ལོའི་བྱམས་བརྩེ་ཐོབ་མ་མྱོང་།བརྩེ་བའི་ངེད་གཉིས་གཉོར་མ་མྱོང་།དེ་ནི།གཞན་དང་མ་འདྲ་བར་ཨ་ཕ་ཞེས་འབོད་ས་ཞིག་ཡོད་པ་མ་གཏོགས་དོན་གྱི་མེད་པ་དང་ཀུན་ནས་མཚུངས།ད་སྐབས་ངེད་གཉིས་ལ་ཕ་ངོ་མ་མེད་ཀྱང་ཕ་ཡུལ(ཨ་ཁུ)ཡོད།

ད་ལྟ་ངེད་གཉིས་ནི་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་ཡིན་ལ།མ་འོངས་པ་ཡིད་ཆེས་ཀྱིས་ཁེངས་པའི་ལོ་ཆུང་སྤུན་གཉིས་ཡིན།ངའི་རང་ཉིད་ཀྱི་ཡོད་ཚད་ཁོ་མོའི་ཆེད་དུ་འབུལ་འདོད།རྒྱུ་མཚན་ང་ནི་ཁོ་མོའི་རྒྱབ་རྟེན་དང་རེ་བ་ཡིན།ནུ་མོ་ལགས།ད་སྐབས་ཁྱོད་ཀྱི་སྦྱངས་འབྲས་ཅི་འདྲ་ཡིན་ཡང་།ཁྱོད་ཀྱིས་འབད་པ་བྱོས་དང་ཁྱོད་ཀྱི་མདུན་ལམ་སྔར་ལས་ཡངས་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།འུ་གཉིས་ཀྱི་ལས་དབང་ནི་གཞན་དང་མི་འདྲ་བས་ངེས་པར་དུ་འབད་དགོས།གཞན་བྱིས་པ་ཕ་འཛོམས་མ་འཛོམས་རེད།ཁྱོད་འུ་གཉིས་མི་འཛོམས་ཁེར་རྐྱང་རེད།

དེ་བས་བདག་གི་སྙིང་དང་འདྲ་བའི་ནུ་མོ་ལགས།མུ་མཐུད་དུ་སློབ་ལ་བརྩོན་དང་འུ་གཉིས་ཀྱི་མ་འོངས་པ་བདེ་སྐྱིད་ལྡན་པ་ང་ལ་ཡིད་ཆེས་ཡོད།།♦ཤེལ་དཀར།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50747.html 1 ང་དང་ནུ་མོའི་ལས་དབང་། /enpproperty-->