数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིས་ཞིང་ཕྱུགས་ཐོན་ལས་ལེགས་ཆ་ལ་གནོད་སྐྱོན་ཐེབས་ཀྱང་ཐོན་ཚད་ཇེ་ཉུང་དུ་མི་འགྲོ་བ་འགན་ལེན་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། 2017ལོར་འདམ་རྡོའི་ཆུ་རུད་དང“6·24”མའོ་རྫོང་གི་རི་ཉིལ་གནོད་སྐྱོན། “8·8”གཟི་རྩ་སྡེ་དགུའི་ས་འགུལ། ཆུ་ཆེན་དུ་སེར་བ་བབས་པ་སོགས་ཀྱི་རང་བྱུང་གནོད་སྐྱོན་བྱུང་མོད། འོན་ཀྱང་རང་ཁུལ་གྱི་ཞིང་ཕྱུགས་ལས་སྡེ་ཁག་གི་ལས་ཀ་བ་རྣམས་ཀྱིས་ལས་ཡུལ་དངོས་སུ་འབད་འཐབ་བྱས་པ་བརྒྱུད། ཤུགས་ཆེན་པོས་གནོད་སྐྱོན་ཐེབས་ཀྱང་ཐོན་ཚད་ཇེ་ཉུང་དུ་མི་འགྲོ་བ་འགན་ལེན་བྱས་ཕྱིར། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཐོན་ལས་ལེགས་ཆ་ལ་གནོད་སྐྱོན་ཐེབས་ཀྱང་ཐོན་ཚད་ཇེ་ཉུང་དུ་མི་འགྲོ་བ་འགན་ལེན་བྱས་པས། ཞིང་ལས་ཀྱི་དཔལ་འབྱོར་སྔར་བཞིན་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད།

སྔོན་དཔག་བྱས་ན། ལོ་ཧྲིལ་བོར་འབྲུ་རིགས་མུའུ་ཁྲི77.3བཏབ་ནས་ཐོན་ཚད་ཏུན་ཁྲི16.7དུ་ཐོན་རྒྱུ་དང་ཐོན་ཚད་ལོ་གོང་མ་ལས་བརྒྱ་ཆ3.6ཙམ་འཕར་རྒྱུ་རེད། སྔོ་ཚལ་མུའུ་ཁྲི80ཙམ་བཏབ་ནས་ཐོན་ཚད་ཏུན་ཁྲི162སུ་བསླེབ་རྒྱུ་དང་ཐོན་ཚད་ལོ་གོང་མ་ལས་བརྒྱ་ཆ1.1ཙམ་འཕར་རྒྱུ་རེད། བྱ་དང་ཕྱུགས་ཟོག་ཁྲི264.5བཤའ་ཁོངས་སུ་བཏང་ནས་ཤ་ཐོན་ཚད་ཏུན་ཁྲི9.2སུ་བསླེབ་རྒྱུ་དང་ཐོན་ཚད་ལོ་གོང་མ་ལས་བརྒྱ་ཆ4.5ཙམ་འཕར་རྒྱུ་རེད། འོ་མ་ཐོན་ཚད་ཏུན་ཁྲི12.4རུ་བསླེབ་རྒྱུ་དང་ཐོན་ཚད་ལོ་གོང་མ་ལས་བརྒྱ་ཆ2.1ཙམ་འཕར་རྒྱུ་རེད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51180.html 1 རང་ཁུལ་གྱིས་ཞིང་ཕྱུགས་ཐོན་ལས་ལེགས་ཆ་ལ་གནོད་སྐྱོན་ཐེབས་ཀྱང་ཐོན་ཚད་ཇེ་ཉུང་དུ་མི་འགྲོ་བ་འགན་ལེན་བྱས། /enpproperty-->