数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

སྔོན་དཔག་བྱས་ན་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤོ་དཀར་ལའི་ཕུག་ལམ་ཟླ་མཇུག་ཏུ་བསྐྲུན་ཚར་རྒྱུ་རེད།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར་གསར་འགོད་པས་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་པུའུ་ནས་རྒྱུས་ལོན་པ་ལྟར། སྔོན་དཔག་བྱས་ན་སྤོ་དཀར་ལའི་ཕུག་ལམ་ནི2018ལོའི་ཟླ1པའི་ཟླ་མཇུག་ཏུ་བསྐྲུན་ཚར་ནས་རླངས་འཁོར་གཏང་ཐུབ་པ་རེད། 2018ལོའི་ལོ་མཇུག་བར་དུ་ཧྲི་ཙི་ཕིང་ཕུག་ལམ་སོགས་ཀྱི་གནོད་ཐེབས་ལམ་མཚམས་འགའ་ཕུད། གཞན་པ་གཞུང་ལམ་སྤྱི་ལེ100ལྷག་བསྐྲུན་ཚར་རྒྱུ་ཡིན་པས། འབར་ཁམས་ས་ཁུལ་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་འབྱུང་རྒྱུ་རེད།

གསར་འགོད་པས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་རྒྱུས་ལོན་པ་ལྟར་ན། 2017ལོར་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྒོར་དུང་ཕྱུར60.01ཙམ་བཏང་བ་དེས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གནང་བའི་ལོ་འཁོར་དངུལ་གཏོང་དམིགས་འབེན་སྒོར་དུང་ཕྱུར60ཡི་བརྒྱ་ཆ100.02ཟིན། གཞུང་ལམ་སྐྲུན་མགོ་ཚུགས་པ་ནས་བཟུང་ཁྱོན་སྒོར་དུང་ཕྱུར169.7བཏང་བ་དེས་རྣམ་གྲངས་ཀྱི་སྔོན་རྩིས་གཏོང་དངུལ་སྒོར་དུང་ཕྱུར287གྱི་བརྒྱ་ཆ59.13ཟིན།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51181.html 1 སྔོན་དཔག་བྱས་ན་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤོ་དཀར་ལའི་ཕུག་ལམ་ཟླ་མཇུག་ཏུ་བསྐྲུན་ཚར་རྒྱུ་རེད། /enpproperty-->