数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཟུང་ཆུ་རྫོང་གིས་ཞིང་ལས་དངོས་རྫས་ཚོང་ རར་ཆེད་ལས་ཞིབ་བཤེར་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར་ཟུང་ཆུ་རྫོང་བཟོ་ཚོང་སྤུས་ཚད་ལག་རྩལ་དང་བཟའ་ཆས་ལྟ་ཞིབ་ཅུས་ཀྱིས་རྫོང་མཁོ་སྤྲོད་མཉམ་ལས་ཁང་དང་མཉམ་དུ་ཞིང་ལས་དངོས་རྫས་ཚོང་རར་ཆེད་ལས་ཞིབ་བཤེར་བྱ་བའི་འགུལ་སྐྱོད་སྤེལ་ནས། ཞིང་ལས་ཀྱི་དངོས་རྫས་རྫུན་མ་བཟོ་ཞིང་འཚོང་བའི་བྱ་སྤྱོད་ལ་རྡུང་རྡེག་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་དེའི་ཆེད་ལས་ཞིབ་བཤེར་འགུལ་སྐྱོད་ཀྱིས་ཞིང་ལས་ཀྱི་ས་བོན་དང་ཞིང་སྤྱོད་སྨན་རྫས། ཞིང་ལུད་སོགས་ལ་གཙོ་བོར་བྱས་ནས། ཞིང་ལས་ཀྱི་དངོས་རྫས་བདག་གཉེར་པའི་ལག་ཁྱེར་དང་འབྲེལ་ཡོད་དཔང་ཡིག་ཆ་ཚང་ཡིན་མིན་སོགས་ལ་ཞིབ་བཤེར་བྱས། ཁྲིམས་འཛིན་པ་རྣམས་ཀྱིས་དངོས་རྫས་རྫུན་མ་འཚོང་བ་དང་སྤུས་ཞན་སྤུས་བཟང་དུ་བརྫུས་ནས་འཚོང་བ། ཚད་དང་མི་མཐུན་པའི་དངོས་རྫས་འཚོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པར་མ་ཟད། ཞིང་ལས་ཀྱི་དངོས་རྫས་བདག་གཉེར་པ་དང《ཞིང་ལས་ཀྱི་དངོས་རྫས་བདག་གཉེར་བྱ་བའི་འགན་ཡིག》བཀོད་པས། ཞིང་ལས་ཀྱི་དངོས་རྫས་བདག་གཉེར་པ་རྣམས་ཀྱིས་གཙོ་འགན་ཁུར་བའི་འདུ་ཤེས་ཤུགས་ཆེར་བཏང་།

ཐེངས་དེའི་ཆེད་ལས་འགུལ་སྐྱོད་ལས་རྫོང་ཡོངས་ཀྱི་ཞིང་ལས་ཀྱི་དངོས་རྫས་བདག་གཉེར་པ19ལ་ཆེད་ལས་ཞིབ་བཤེར་བྱས་པ་དང་། 《ཞིང་ལས་ཀྱི་དངོས་རྫས་བདག་གཉེར་གྱི་འགན་ཡིག》བཅུ་དགུ་བཀོད་པས། རྫོང་ཡོངས་ཀྱི་ཞིང་ལས་ཀྱི་དངོས་རྫས་ཚོང་རའི་གོ་རིམ་ཚད་ལྡན་ཅན་དུ་བཏང་བ་དང་མང་ཚོགས་ཀྱིས་བློ་བདེ་བའི་ངང་ཞིང་ལས་ཀྱི་དངོས་རྫས་ཉོ་ཐུབ་པའི་ཚོང་རའི་ཁོར་ཡུག་ལེགས་པོ་བཟོས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51183.html 1 ཟུང་ཆུ་རྫོང་གིས་ཞིང་ལས་དངོས་རྫས་ཚོང་ རར་ཆེད་ལས་ཞིབ་བཤེར་བྱས། /enpproperty-->