数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

འདྲ་པར།

སློབ་མ་རྣམས་ཀྱིས་ཕྱུགས་ཟོག་གསོ་སྤེལ་རྟེན་གཞི་རུ་ལྟ་སྐོར་བྱེད་བཞིན་པ།

མཁས་པས་ལས་ཡུལ་དངོས་ནས་སྔོ་ཚལ་ལ་གནོད་འབུ་འགོག་པའི་ལག་རྩལ་ཁྲིད་བཞིན་པ།

སློབ་མ་རྣམས་ཀྱིས་སྤྱིལ་བུའི་སྔོ་ཚལ་འདེབས་ཐབས་རྒྱུས་ལེན་བྱེད་བཞིན་པ།

ཀྲུང་དབྱང་གི་གྲོང་སྡེའི་ལས་ཀའི་ཚོགས་འདུ་དང་ཞིང་ལས་ཐིང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་ཆེད། ཚན་རིག་སློབ་གསོ་ལ་བརྟེན་ནས་ཞིང་ལས་དར་སྤེལ་དང་ཤེས་ལྡན་མི་སྣ་ལ་བརྟེན་ནས་ཞིང་ལས་སྟོབས་འབྱོར། ལས་རིགས་གསར་བ་ལ་བརྟེན་ནས་ཞིང་ལས་བརྟན་གཏོང་ཞེས་པའི་འཐབ་ཇུས་དང2017ལོར་རྣམ་གསར་གྱི་ཞིང་བ་གསོ་སྦྱོང་བྱེད་པའི་ལས་གྲྭའི་ལས་འགན་དང་རེ་འདུན་ལ་གཞིར་བཟུང་ནས། ན་ལོར་རྔ་བ་ཁུལ་ཏ་ཡུས་ཞིང་བ་སྦྱོང་བརྡར་སློབ་གྲྭས་སྔ་ཕྱིས་སུ་ཝུན་ཁྲོན་རྫོང་དང་ཧུང་ཡོན་རྫོང་དུ་ལས་རིགས་གསར་བའི་ཞིང་བ་སྦྱོང་བརྡར་བྱེད་པའི་ལས་ཀ་སྤེལ། སྦྱོང་བརྡར་དུ་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་དང་སྔོ་ཚལ་འདེབས་པ། ཕྱུགས་ཟོག་གསོ་བ་སོགས་ཀྱི་ལག་རྩལ་འཆད་ཁྲིད་བྱས། སྦྱོང་བརྡར་བྱས་པ་བརྒྱུད། སློབ་མ་རྣམས་ཀྱི་དེང་རབས་ཀྱི་ཞིང་ལས་ཚན་རྩལ་བྱང་ཚད་ཇེ་མཐོར་བཏང་བ་དང་ཆེད་སྤྱོད་ཀྱི་ཐོན་སྐྱེད་ལག་རྩལ་ཆུ་ཚད་ལེགས་སུ་བཏང་།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51182.html 1 འདྲ་པར། /enpproperty-->