数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

མ་འོངས་བདེ་སྐྱིད་ཀྱི་འཚོ་བ་སྔར་ལས་ཡིད་ཆེས་ཀྱིས་ཁེངས་སོང་།

མཚོ་སྔོན་གྱི་འབྲོག་ཁུལ་གྱི་གྲོང་ཚོ་དབུལ་བོའི་མཉམ་ལས་ཁང་གིས་ཡོང་འབབ་བགོ་བཤའི་སྐོར་གྱི་མཐོང་ཐོས།

མི་དམངས་དྲ་བའི་འཕྲིན། དགུན་ཨ་རང་ད་རང་གི་མཚོ་བོད་ས་མཐོར་རི་བོ་གངས་ཀྱིས་བཀླུབས་པ་དང་འབྲོག་རའི་མཐའ་འཁོར་དུ་འཇམ་ཐིང་ངེར་གནས། ཡིན་ནའང་ཆུ་སྐྱ་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། འབྲོག་པ་ཚོས་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་ནས2017ལོའི་ལོ་འཁོར་གྱི་མཉམ་ལས་ཁང་གི་བགོ་བཤའ་རྒྱག་པར་སྒུག་ནས་བསྡད་འདུག

མཉམ་ལས་ཁང་དང་པོས་བགོ་བཤའ་སྒོར་ཁྲི73དང་། མཉམ་ལས་ཁང་གཉིས་པས་བགོ་བཤའ་སྒོར་ཁྲི44། མཉམ་ལས་ཁང་གསུམ་པས་བགོ་བཤའ་སྒོར་ཁྲི52བཅས་བརྒྱབ་ཡོད་པ་རེད། ཆུ་སྐྱ་སྐྱེ་དངོས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་སངས་རྒྱས་སྐྱབས་ཀྱིས་གསར་འགོད་པར་འདི་ལོར་མཉམ་ལས་ཁང་གིས་བགོ་བཤའ་བརྒྱབ་པའི་དངུལ་འབོར་སྒོར་ཁྲི345ཟིན་ཡོད་ཅེས་བཤད།

ཆུ་སྐྱ་སྐྱེ་དངོས་ཕྱུགས་ལས་མཉམ་ལས་ཁང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་རུ་གནས་པ་དང་། མཉམ་ལས་ཁང་གནས་སའི་ཆུ་སྐྱ་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད། 2015ལོར་ཞིང་ཆེན་རིམ་པའི་གྲོང་ཚོ་དབུལ་པོར་གཏན་འཁེལ་བྱས་པ་དང་། གྲོང་ཚོ་ཡོངས་སུ་དུད་ཚང513ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་ལྔ་ཆ་གཅིག་ཟིན་ཡོད། ཆོས་རྗེ་ཡུལ་ཚོ་ཏང་ཨུ་ཧྲུའུ་ཅི་དཔལ་ལྡན་ནོར་བུས་ཆུ་སྐྱ་གྲོང་ཚོར་སྐྱེ་དངོས་ཕྱུགས་ལས་མཉམ་ལས་ཁང་གཉེར་བ་ནི་གྲོང་ཚོ་དབུལ་པོར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་ནུས་ལྡན་གྱི་ཚོད་ལྟ་ཞིག་རེད་ཅེས་བཤད།

2013ལོར་སྐྱེ་དངོས་ཕྱུགས་ལས་མཉམ་ལས་ཁང་གི་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་པ་དང་། རིམ་བཞིན་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་ཚན་རིག་ཅན་གྱི་དོ་དམ་བྱེད་པའི་སྐྱེ་དངོས་ཕྱུགས་ལས་མཉམ་ལས་ཁང་བར་དུ་འཕེལ་རྒྱས་ཕྱིན་ཡོད། མིག་སྔར་མཉམ་ལས་ཁང་དེ་གཟན་རྩྭ་འདེབས་འཛུགས་དང་། ནོར་ལུག་གསོ་ཚགས་དང་སྐྱེལ་འདྲེན། ཕྱུགས་ཟོག་གི་ཐོག་མའི་ལས་སྣོན། ཁྲོམ་རའི་ཚོང་གཉེར་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཆེན་རིམ་པའི་རྩྭ་ཐང་སྐྱེ་དངོས་ཕྱུགས་ལས་དཔེ་སྟོན་ཁང་ཞིག་ཏུ་གྱུར་ཡོད་པ་རེད།

འབྲོག་པ་རྟ་མགྲིན་སྐྱབས་ཀྱིས་གསར་འགོད་པར་འདི་ལོར་ང་ཚོའི་ཚོགས་ཆུང་གི་དུད་ཚང30ལ་ཁྱོན་བགོ་བཤའ་སྒོར་ཁྲི47རག་བྱུང་ཞེས་བཤད་པ་དང་། ཁོང་གིས་མཉམ་ལས་ཁང་དུ་ཞུགས་ཏེ་རྩྭ་ཕྱུགས་དངུལ་ལ་ཕབ་ནས་མ་རྐང་ནང་ཞུགས་པ་དང་གཅིག་སྡུད་ཐོག་གསོ་ཚགས་དང་ཕྱུགས་འཚོ་བའི་བྱེད་སྟངས་སྤྱད་རྗེས་རང་ཉིད་ལ་ཕྱིར་གླ་པར་སྐྱོད་པ་དང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་པའི་དུས་ཚོད་འདང་ངེས་བྱུང་ཞེས་བཤད། ཁོང་གིས་རང་ཉིད་འདི་ལོར་ཕྱིར་གླ་པར་བསྐྱོད་པར་ཡོང་འབབ་སྒོར་ཁྲི3བྱུང་། འོན་ཀྱང་མཉམ་ལས་ཁང་ནང་མ་ཞུགས་གོང་ཁྱིམ་ལ་ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི1ཀྱང་ཟིན་གྱི་མེད། མ་འོངས་བདེ་སྐྱིད་འཚོ་བར་སྔར་ལས་ཡིད་ཆེས་ཀྱིས་ཁེངས་སོང་ཞེས་ངོ་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིང་གི་ཐིང་ཀྲང་གཞོན་པ་མཱ་ཏེ་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་དངོས་ཕྱུགས་ལས་ཚོད་ལྟ་ཁུལ་ཐོག་མ་ཡིན་པའི་ངོས་ནས། 2014ལོ་ནས་ད་བར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་ཕྱུགས་ལས་མཉམ་ལས་ཁང་འབྲོག་ཁུལ་དང་ས་མ་འབྲོག་ཁུལ་ཚང་མར་ཁྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་མཉམ་ལས་ཁང100ཡི་ཁྲོད79ལ་མ་རྐང་ལམ་ལུགས་ཀྱི་སྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཞིང་། མིག་སྔར་སྐྱེ་དངོས་ཕྱུགས་ལས་མཉམ་ལས་ཁང་དེ་དག་འབྲོག་ཁུལ་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་དང་བྱེད་ཐབས་ནུས་ལྡན་ཞིག་ལ་གྱུར་ཡོད་པ་རེད།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 མཚོ་སྔོན་གྱི་འབྲོག་ཁུལ་གྱི་གྲོང་ཚོ་དབུལ་བོའི་མཉམ་ལས་ཁང་གིས་ཡོང་འབབ་བགོ་བཤའི་སྐོར་གྱི་མཐོང་ཐོས། 4 4 阿坝日报藏文 c51196.html 1 མ་འོངས་བདེ་སྐྱིད་ཀྱི་འཚོ་བ་སྔར་ལས་ཡིད་ཆེས་ཀྱིས་ཁེངས་སོང་། /enpproperty-->