数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཚ་བ་རྒྱས་སྐབས་ཆུ་ཁོལ་བཏུང་དགོས།

སྤྱིར་བཏང་། རྒྱུན་ལྡན་གྱི་མི་ཞིག་གིས་ཉིན་གཅིག་ལ་ཆུ་གང་མང་འཐུང་ན་ལུས་པོར་ཕན་པ་ཆེ་ལ། ལྷག་པར་དུ།ཆམ་པ་ཕོག་པ་སོགས་ཀྱིས་རྐྱེན་བྱས་ནས། ཚ་བ་རྒྱས་པའི་ནད་པས་ཆུ་ཁོལ་གང་མང་པོ་བཏུང་དགོས་པ་རེད།

གཅིག ཚ་བ་རྒྱས་དུས་ལུས་ཡོངས་སུ་དྲོད་མང་པོ་བསགས་འདུག་པས། ཆུ་ཁོལ་མང་པོ་འཐུང་ནས་ལུས་པོ་ལས་རྔུལ་ཆུ་འདོན་པ་དང་། གཅིན་མང་པོ་གཏོང་བ། དེ་བཞིན། རྔུལ་ཆུ་དང་གཅིན་ཇི་ཙམ་མང་པོ་བཏོན་ན། དེ་ཙམ་གྱིས་ལུས་པོའི་དྲོད་ཚད་སྙོམ་སྒྲིག་བྱེད་པར་ཕན་པ་ཆེན་པོ་ཐོབ་པ་དང་། ལུས་པོར་ཚ་བ་རྒྱས་ཚད་ཀྱང་ཇེ་དམའ་རུ་འགྲོ་བ་རེད།

གཉིས། ཚ་བ་རྒྱས་པའི་མིས་ཆུ་ཁོལ་མང་པོ་བཏུང་ན། ནད་འབུ་ལས་བྱུང་བའི་ནད་དུག་མང་པོས་ལུས་པོར་གནོད་པ་བཟོ་བའི་གོ་སྐབས་ཤོར་ནས། དེ་དག་གཅིན་དང་རྔུལ་ཆུ་དང་མཉམ་དུ་ལུས་པོའི་ཕྱི་སོར་ཕུད་ནས་ལུས་པོར་གསོག་མི་ཐུབ་པ་རེད།

གསུམ། མི་ལ་ཚ་བ་ཆེ་དུས། རྒྱུན་ལྡན་གྱི་མིའི་ལུས་ཁམས་ཀྱི་འབྱུང་བཞིའི་ནུས་པ་འཁྲུགས་ཏེ། རྙིང་ཚབ་གསར་འབྱེད་ལེགས་པོ་བྱེད་མི་ཐུབ་པ་དང་། མིའི་ལུས་ཁམས་ལ་གནོད་པའི་རྫས་ཇེ་མང་དུ་འགྲོ་བ་རེད། ཆུ་ཁོལ་མང་པོ་འཐུང་ན། དེ་དག་གི་ནུས་པ་ཇེ་ཞན་དུ་གྱུར་ནས། ལུས་པོ་ནས་ཕྱིར་ཕུད་ནས་ལུས་ཁམས་ལ་གནོད་པ་གཏོང་མི་ཐུབ།

བཞི། མིའི་ལུས་སུ་ཚ་བ་རྒྱས་དུས། ལུས་པོའི་ནང་གི་ཆུ་མང་པོ་ཟད་གྲོན་དུ་སོང་ནས། ལུས་ཟུངས་ཟད་པ་དང་། ཆུ་ཉུང་དྲགས་པས། ནད་པའི་ནད་གཞི་ཇེ་ལྕིར་འགྲོ་བ་རེད། དེའི་ཕྱིར། ཆུ་མང་པོ་འཐུང་ནས་ལུས་ཁམས་སུ་ཆུ་འདང་བ་བྱ་དགོས།

(མགོན་པོ་བཀྲ་ཤིས་ཀྱིས་རྩོམ་སྒྲིག་བྱས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51197.html 1 ཚ་བ་རྒྱས་སྐབས་ཆུ་ཁོལ་བཏུང་དགོས། /enpproperty-->