数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཨ་མདོའི་གཞིས་ཁྱིམ་ནས་དམངས་སྲོལ་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་བ།

⬅ལུའོ་ཧའེ་པིན(གཡས་ཀྱི་དང་པོ)གྱིས་ལྗོངས་རྒྱུ་བ་དང་མཉམ་དུ་ཁ་བརྡ་བྱེད་བཞིན་པ།

ཉེ་ཆར། གསར་འགོད་པ་ལུའོ་ཧའེ་པིན་གྱིས་བདག་གཉེར་བྱས་པའི་ཟུང་ཆུ་རྫོང་གནའ་མཁར་ནང་ལོགས་ཀྱི་ཨ་མདོའི་གཞིས་ཁྱིམ་གྱི་ཁོ་ཧྥེ་མགྲོན་ཁང་དུ་ཐོན་ཞིང་། ཚོང་བདག་གིས་ལྗོངས་རྒྱུ་བ་འགའ་དང་མཉམ་དུ་ཁ་བརྡ་བྱེད་ཀྱིན་འདུག

2011ལོར། ཟུང་ཆུ་རྫོང་གི་གནོད་རྗེས་བསྐྱར་སྐྲུན་གྱི་བྱ་བ་ཡོངས་སུ་ལེགས་པར་གྲུབ་སྟེ། བགྲོད་ལམ་སྟབས་བདེར་གྱུར་པ་དང་། སྲང་བར་གཙང་ཞིང་། མཁར་གྲོང་འཛུགས་སྐྲུན་ཚན་རིག་དང་མཐུན་པར་གྱུར་པས། 2010ལོ་ནས་བཟུང་ལྗོངས་སྐོར་ལ་དགའ་བའི་ལུའོ་ཧའེ་པིན་ལ་ཟུང་ཆུའི་གནའ་མཁར་དུ་དམངས་སྲོལ་གྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་ཞིག་ཕྱེ་རྒྱུའི་བསམ་ཚུལ་ཡོད་འདུག ལོ་ངོ་གསུམ་གྱི་འབད་པར་བརྟེན་ཏེ། 2013ལོའི་ཟླ11པར་ཁང་མིག་བཅུ་བཞི་ཡོད་པའི་ཨ་མདོའི་གཞིས་ཁྱིམ་གྱི་ཁོ་ཧྥེ་མགྲོན་ཁང་དེ་དངོས་སུ་གཉེར་མགོ་ཚུགས་འདུག་ལ། ཁོས་བཤད་རྒྱུར། ང་ནི་ཟུང་ཆུ་རྫོང་དུ་ཆེས་ཐོག་མར་དམངས་སྲོལ་གྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་ཕྱེས་མཁན་དུ་གྱུར་ཡོད་ལ། སྒོ་ཕྱེས་མ་ཐག་ཏུ་ཟླ་བ5ཙམ་ལ་མགྲོན་པོས་ཡོངས་སུ་གང་ཞིང་། ས་གནས་རང་གི་མིས་ཁོ་ཧྥེ་ཚིག་ཇ་འཐུང་བར་སྔོན་ནས་ཁ་ཆད་དགོས་པ་ཞིག་ཡོད་ཅེས་བཤད།

2014ལོར། ལུའོ་ཧའེ་པིན་གྱི་མགྲོན་ཁང་དེ་ཨ་རིའི་མིང་གྲགས་ཆེ་བའི་ལྗོངས་སྐོར་དུས་དེབ་ཁེར་རྐྱང་གི་སྐར་མའི་གོ་ལ་ཞེས་པར་འགྲེམ་བརྡའི་ཡིག་རིས་བཀྲམ་ཞིང་། དེ་ནས་བཟུང་ཕྱི་རྒྱལ་གྱི་མགྲོན་པོ་དེ་བས་ཇེ་མང་དུ་སོང་འདུག ལུའོ་ཧའེ་པིན་གྱིས་བསམ་པར། ཨ་མདོའི་གཞིས་ཁྱིམ་འདི་ལྗོངས་རྒྱུ་བ་རྣམས་ཀྱི་ཁྱིམ་གཞིས་ལྟ་བུ་ཡིན་པར་མ་ཟད། རིག་གནས་བརྗེ་རེས་བྱ་བའི་ལྟེ་གནས་ཤིག་ཀྱང་ཡིན་པར་འདོད་པ་རེད།

གནོད་རྗེས་བསྐྱར་སྐྲུན་གྱི་བྱ་བས་ཟུང་ཆུ་རྫོང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དང་མདུན་ལམ་བྱིན་ཡོད་པར་མ་ཟད། ལྗོངས་སྐོར་ལས་རིགས་དར་བ་དེས་ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་ཕན་པ་ཆེན་པོ་བསྐྲུན་ཡོད་པ་རེད། ལུའོ་ཧའེ་པིན་གྱིས་གསར་འགོད་པར། གནོད་རྗེས་བསྐྱར་སྐྲུན་གྱི་བྱ་བ་ལེགས་འགྲུབ་བྱུང་བའི་རྗེས་སུ། ང་ཚོ་མི་སེར་རྣམས་ལ་མཚོན་ནས་བཤད་ན། གོ་སྐབས་དམ་དུ་བཟུང་ནས་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་། ཅིས་ཀྱང་ཕྱིར་འགྱོད་མེད་པ་ཞིག་བྱ་དགོས་རྒྱུ་གལ་ཆེ་བ་རེད་ཅེས་བཤད་དོ།།

(ཚུལ་ཁྲིམས་རྡོ་རྗེས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-04-24 4 4 阿坝日报藏文 c55847.html 1 ཨ་མདོའི་གཞིས་ཁྱིམ་ནས་དམངས་སྲོལ་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་བ། /enpproperty-->