数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

དབྱང་ཁེ་ཉིང་གིས་མཆན་བཀོད་མཛུབ་སྟོན་གནང་།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར།རང་ཁུལ་གྱིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང2018ལོའི་ཁུལ་བདེ་ཨུ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་འཚོགས། ཚོགས་འདུར་དུས་ཚིགས་དང་པོའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་ཕྱོགས་བསྡོམས་དང་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབས་ལ་དབྱེ་ཞིབ་ཟབ་མོ་བྱས་ནས་དུས་ཚིགས་གཉིས་པ་དང་ཆུ་འབྲུབ་དུས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀ་བཀོད་སྒྲིག་བྱས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་བདེ་ཨུ་ཁང་གི་ཀྲུའུ་རེན་དབྱང་ཁེ་ཉིང་གིས་བདེ་འཇགས་ཐོན་སྐྱེད་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་ནས་སྐད་ཆ་བཤད་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིའུ་པོ་ཐའོ་ཡིས་ཚོགས་འདུའི་གཙོ་འགན་ཁུར།

དབྱང་ཁེ་ཉིང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་གསུང་དོན། 2018ལོའི་དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན། སྐབས་རྗེས་མའི་ལས་ཀ་སྒྲུབ་སྐབས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་ལམ་ལུགས་སྔར་ལས་དོན་འཁྱོལ་བྱ་བ་དང་། ཨར་ལས་རྣམ་གྲངས་གཙོ་བོ་བསྐྲུན་པ་དང་མངོན་མིན་གྱི་ས་གཤིས་གནོད་སྐྱོན་དང་ཆུ་འབྲུབ་སྔོན་འགོག་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་ཉེན་ཡོད་དངོས་རྫས་ཐོན་སྐྱེད་དང་དོ་དམ། མེ་སྐྱོན་འགོག་གསོད་དང་རྡོ་སོལ་རྐོ་ས་མིན་པའི་རི་དང་ལྗོངས་སྐོར་ལས་རིགས་སོགས་ཀྱི་ཁྱབ་ཁོངས་གཙོ་བོ་དམ་པོར་དམིགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མིན་ཉེན་ཁ་ལ་གྲལ་བཤེར་བྱས་ནས་དག་ཐེར་ལེགས་བཅོས་བྱེད་ཐབས་དང་དག་ཐེར་ལེགས་བཅོས་བྱ་བའི་མི་སྣ་གསལ་བོ་བྱས་པ་དང་། དག་ཐེར་ལེགས་བཅོས་ཕན་ནུས་དོན་འཁྱོལ་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་མཐུད་དུ་བརྟན་བརླིང་ཡོང་བར་འགན་ལེན་བྱ་དགོས།

ཚོགས་འདུ་རུ་རྫོང་ཁག(གྲོང་ཁྱེར)སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་ནི་ལྟེ་གནས་ཡིན་པ་རྒྱུན་འཁྱོངས་དང་ཏང་དང་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་ལས་དོན་རང་མོས་ངང་བསྒྲུབས་ནས་བདེ་འཇགས་ཐོན་སྐྱེད་མངའ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བྱ་བ་དང“རྩིས་ཁྲ་གསུམ”རྒྱུན་མཐུད་དུ་ཟབ་སྤེལ་གཏང་བ། བྱེད་ཐབས་སྣ་ཚོགས་ནན་འཛིན་བྱས་ནས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མི་ཆད་པར་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་བར་འགན་ལེན་དང་ཧུར་ཐག་གིས་གནོད་རྗེས་བསྐྱར་སྐྲུན་དང་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་ནུས་ཤུགས་ལྡན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ལེན་གདོན་དགོས་ཞེས་ནན་གསུང་མཛད།།

(དངོས་སྦྱོང་བ་ཚེ་རིང་སྒྲོལ་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-04-24 དབྱང་ཁེ་ཉིང་གིས་མཆན་བཀོད་མཛུབ་སྟོན་གནང་། 4 4 阿坝日报藏文 c55848.html 1 རང་ཁུལ་གྱིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས། /enpproperty-->