数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ལིས་རྫོང་གིས་ཡིག་འབྲུ་གསུམ་གྱི་མན་ངག་ཡིད་ལ་ བཅགས་ཏེ་ལས་བྱེད་པ་བཟང་པོ་སྐྱེད་སྲིང་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། དུས་ཡུན་རིང་བོ་ནས་བཟུང་། ལིས་རྫོང་གིས་ལྟ་བ་དང་འབྲི་བ། ཞིབ་བཤེར་གྱི་ལས་ཀ་སྒྲུབ་སྟངས་སྤྱད་དེ་འདེམས་སྐོང་སློབ་མའི་རྟོག་ཞིབ་བྱེད་སྟངས་ལེགས་སུ་བཏང་ཞིང་། ཐབས་ལམ་དང་ཕྱོགས་མང་པོའི་ཐད་ནས་རྟོག་ཞིབ་བྱ་ཡུལ་གྱི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བྱང་ཚད་མཐོ་བའི་ནུས་ལྡན་མི་སྣ་འདེམས་སྒུག་བྱས་ཏེ་དྲོད་ཁོལ་ལྡན་པའི་ལིས་རྫོང་ལ་ལས་བྱེད་བཟང་པོ་སྐྱེད་སྲིང་བྱས།

དད་སེམས་ལ་བལྟས་ཏེ་དགོངས་དོན་རོལ་བ། ལས་ཀའི་གནས་བབ་ལ་ཉེ་བར་བལྟས་ཏེ་ཕྱོགས་བསྡུས་ཀྱིས་འདེམས་སྐོང་སློབ་མའི་ནང་སེམས་ཀྱི་རྣམ་པ་དང་བསམ་པའི་ཉམས་འགྱུར་ལ་དབྱེ་ཞིབ་བྱས་པ་དང་། འཚར་ལོངས་ཀྱི་བརྒྱུད་རིམ་ལ་རྒྱང་བལྟ་བྱས་ཏེ་འདེམས་སྐོང་སློབ་མའི་ཕུགས་བསམ་དང་ཆབ་སྲིད་ཀྱི་འདུ་ཤེས། དགོངས་དོན་གྱི་སྙིང་བོ་ལ་རྒྱུན་ལོན་བྱས་ལ། ལས་ཀའི་ཉམས་མྱོང་ལ་ཕྱིར་བལྟ་བྱས་ཏེ་འདེམས་སྐོང་སློབ་མའི་དོན་དངོས་ཀྱི་བསམ་ཚུལ་དང་ལས་བཀུར་གྱི་བསམ་པ་དང་དེ་བཞིན་སྙིང་དོན་གྱི་འདུ་ཤེས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

དོན་དངོས་ལ་བློར་དྲིས་ཏེ་ཀུན་སྤྱོད་རྩད་གཅོད་བྱས་པ། སློབ་སྦྱོང་གི་གནས་ཚུལ་དང་ལས་ཀའི་དོན་དངོས། བསམ་བློའི་གོ་རྟོགས། རྩ་འཛུགས་སྒྲིག་ལམ་གྱི་འདུ་ཤེས་སོགས་ཀྱི་ནང་དོན་ལ་དམིགས་ཤིང་། དགེ་རྒན་དང་ཏང་ཀྲི་པུའུ་ཧྲུའུ་ཅི། སློབ་མ། སློབ་མའི་ལས་བྱེད་པ། དེ་བཞིན་རང་ཉིད་ལ་བློར་འདྲི་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་འདེམས་སྐོང་སློབ་མའི་སྤྱོད་ལམ་དང་བྱ་བ་སྒྲུབ་སྟངས། བསམ་བློ་ཀུན་སྤྱོད་སོགས་ཀྱི་ཐད་ལ་རྒྱུས་ལོན་བྱས།

ཡིག་ཚགས་ལྟ་ཞིབ་བྱས་ཏེ་ཉམས་མྱོང་གསལ་བོ་སྟོན་པ། ཡིག་ཚགས་ལྟ་ཞིབ་བྱས་པ་དང་ཟིན་ཐོ་འཚོལ་བསྡུ་བྱས་པ། བྱས་མྱོང་ལོ་རྒྱུས་དབྱེ་ཞིབ་བྱས་པ། ཉམས་མྱོང་དཔྱད་བཤེར་བྱས། གཙོ་བོར་འདེམས་སྐོང་སློབ་མའི་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་དང་དེ་བཞིན་བྱ་དགའ་ཆད་གཅོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ལས་བྱེད་པ་བསྐོ་སྤྱོད་ཀྱི་ཆ་རྐྱེན་དང་ཚད་གཞི་དང་མཐུན་མིན་ལ་ཞིབ་བཤེར་བྱས་ལ། དུས་ཐོག་ཏུ་གནད་དོན་ཡོད་མེད་ལ་ཤེས་རྟོགས་བྱུང་བ་བྱས་སོ།།

(གསང་བདག་སྒྲོལ་མས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61121.html 1 ལིས་རྫོང་གིས་ཡིག་འབྲུ་གསུམ་གྱི་མན་ངག་ཡིད་ལ་ བཅགས་ཏེ་ལས་བྱེད་པ་བཟང་པོ་སྐྱེད་སྲིང་བྱས། /enpproperty-->