数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་གིས་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་དུ་བརྟག་ཞིབ་མཛད།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ10བའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གྲང་ངད་ལྡང་བ་དང་ཁ་བ་བུ་ཡུག་ལ་མ་འཛེམས་པར་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་དུ་ཕེབས་ནས། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པར་བརྟག་ཞིབ་མཛད།

བརྟག་ཞིབ་མཛད་སྐབས། ལིའུ་ཕིང་སྦགས་མེད་ཐོན་ལས་གླིང་ཁུལ་གྱི་གློག་རྡུལ་ཚོང་དོན་ཐོན་ལས་བདག་གཉེར་ཞབས་ཞུ་ལྟེ་གནས་དང་ཀུན་ཕན་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་། གཡུ་ཐོག་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། ལོའུ་ལོའུ་བཟའ་ཆས་ཚད་ཡོད་ཀུང་སི། ཧུང་ཡོན་རྫོང་ནོར་གནག་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སི་སོགས་སུ་ཕེབས་ནས། ཐོན་སྐྱེད་དང་བདག་གཉེར་བྱེད་ཚུལ་ལ་གཟིགས་ཞིབ་མཛད།

སྤྱི་ཚོགས་ལས་དོན་དང་ལྷག་པར་དུ་སློབ་གསོ་དང་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཡོང་བ་དེ་ཁྱིམ་ཚང་ཁྲི་སྟོང་མང་བོ་དང་འབྲེལ་བ་དང་། དམངས་སེམས་འཁོར་ཕྱོགས་དང་འབྲེལ་ཡོད་པས། ལིའུ་ཕིང་གིས་དོན་དེར་ཧ་ཅང་ཐུགས་ཁུར་གནང་ཡོད། བརྟག་ཞིབ་མཛད་སྐབས། ལིའུ་ཕིང་ཆེད་དོན་དུ་ཧུང་ཡོན་རྫོང་ཞག་སྡོད་ལམ་ལུགས་ཀྱི་བོད་ཡིག་སློབ་འབྲིང་དང་རྫོང་མི་དམངས་སྨན་ཁང་དུ་ཕེབས་ནས། དགེ་རྒན་དང་སྨན་པ་རྣམས་ལ་གཟིགས་པར་མ་ཟད། ཚང་མས་སློབ་གྲྭ་དང་སྨན་ཁང་ལེགས་པར་གཉེར་པར་སྒེར་སེམས་མེད་པར་ལེགས་སྐྱེས་སུ་ཕུལ་བར་ཐུགས་རྗེ་ཆེ་ཞུས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 4 4 阿坝日报藏文 c68400.html 1 ལིའུ་ཕིང་གིས་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་དུ་བརྟག་ཞིབ་མཛད། /enpproperty-->