数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཞིང་གིས་བོད་སྐྱོར་དང་དབྱིས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ1376གསར་དུ་མངག་རྒྱུ་རེད།

སི་ཁྲོན་ཉིན་རེའི་གསར་འགྱུར་གྱི་གསར་བཀོད། ཞིང་ཨུའི་བཀོད་སྒྲིག་ལྟར་ན། ཉེ་ཆར་རང་ཞིང་གིས་ཁག་ལྔ་བའི་བོད་སྐྱོར་དང་ཁག་གཉིས་པའི་དབྱིས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་འདེམས་པའི་ལས་ཀ་མཇུག་བསྒྲིལ། རིམ་པ་རེར་གདམ་གསེང་བྱས་པ་བརྒྱུད་བོད་སྐྱོར་དང་དབྱིས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ1376བདམངས་པ་དག་རྔ་བ་དང་དཀར་མཛེས། ལིའང་ཧྲན་བཅས་ཀྱི་ཁུལ་གསུམ་གྱི་ཁུལ་ཐད་གཏོགས་སྡེ་ཁག་དང་། བོད་ཁུལ་དང་དབྱིས་ཁུལ་གྱི་རྫོང(གྲོང་ཁྱེར)དབུལ་བོ45ལ་མངག་རྒྱུ་རེད། དེ་ལས་བོད་ཁུལ་དུ་མི990དང་དབྱིས་ཁུལ་དུ་མི386མངག་རྒྱུ་རེད། ད་ལོའི་ཟླ6པར་གདམ་མངག་བྱས་པའི་གྲོང་སྡོད་ལས་ཀ་རུ་ཁག་གི་རུ་མི1301དང་ད་ཐེངས་བདམས་པའི་མི་སྣ1376བཅས་བསྣན་ན། ཞིང་ཆེན་ནང་དུ་བོད་སྐྱོར་དང་དབྱིས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ2677དུ་བསླེབ་རྒྱུ་རེད།

གསར་དུ་བདམས་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ1376ནང་། ཞིང་ཆེན་ཐད་གཏོགས་སྡེ་ཁག་ནས་འོངས་པའི་མི་སྣ112དང་རོགས་སྐྱོར་ས་ཁུལ་ནས་འོངས་པའི་མི་སྣ1264ཡོད་པ་དང་། ཏང་སྲིད་ལས་བྱེད་པ456དང་ཆེད་ལས་ཤེས་ལྡན་མི་སྣ920ཡོད་པས། མི་སྣའི་གྲུབ་ཚུལ་ནི་ལུགས་དང་མཐུན་པ་རེད། ཞིང་ཨུའི་རྩ་འཛུགས་པུའུ་ཡི་འགན་ཁུར་བས་མཚམས་སྦྱོར་བྱས་པར། ཐེངས་འདིར་བདམས་པའི་མི་སྣ་རྣམས་ནི་གཞི་རིམ་དུ་ཉེ་བར་མཁོ་བའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡིན་པས། ཁོ་ཚོའི་ནང་དུ་མི་སྣ1267ཁུལ་གྱི་ཐད་གཏོགས་སྡེ་ཁག་དང་། རྫོང་དང་གྲོང་ཁྱེར་གྱི་ལས་ཁུངས། སློབ་གྲྭ། སྨན་པ་སོགས་ཀྱི་ལས་ཡུལ་དངོས་སུ་འགན་བསྐོ་བྱ་རྒྱུ་རེད། སྡོམ་རྩིས་བྱས་པ་ལྟར་ན། གསར་དུ་བདམས་པའི་མི་སྣའི་ནང་དུ་འབྲིང་རིམ་གྱི་གོ་མིང་ཐོབ་པའི་མི449དང་མཐོ་རིམ་གྱི་གོ་མིང་ཐོབ་པའི་མི་སྣ88ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་བདམས་པའི་མི་སྣ་རྣམས་ལ་གཅིག་གྱུར་ངང་སྦྱོང་བརྡར་བྱས་རྗེས། ཟླ10བའི་ཟླ་སྟོད་དུ་ལས་གནས་སུ་འགྲོ་རྒྱུ་རེད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-16 4 4 阿坝日报藏文 c68504.html 1 རང་ཞིང་གིས་བོད་སྐྱོར་དང་དབྱིས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ1376གསར་དུ་མངག་རྒྱུ་རེད། /enpproperty-->