数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིས་རྫོང་གིས་ཚིགས་ལྦ་ནད་པར་རིན་མི་དགོས་པར་སྨན་རྫས་སྟེར།

ངེད་གསར་འགྱུར་གྱི་གསར་བཀོད། མིག་སྔར། གསར་འགོད་པས་ལིས་རྫོང་གི་ནད་རིགས་སྔོན་འགོག་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནད་རིགས་སྔོན་འགོག་ལྟེ་གནས་འདིས་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ11གི་ཚིགས་ལྦ་ནད་པ50ལ་རིན་གོང་སྒོར་ཁྲི3.5ལྷག་གི་སྨན་རྫས་རིན་མི་དགོས་པར་སྟེར།

སྨན་རྫས་སྟེར་བའི་ཡུལ་དངོས་ནས་རྫོང་དེའི་ནད་རིགས་སྔོན་འགོག་ལྟེ་གནས་དང་འཕྲོད་བསྟེན་ཁང་གི་ལས་བྱེད་པས་ནད་པ་ཚོར་སྨན་འཐུང་སྟངས་དང་། སྨན་འཐུང་ཚད་སོགས་གསལ་བཤད་བྱས་ནས་ཅི་བསམ་གང་འདོད་ཀྱིས་སྨན་བེད་སྤྱོད་པའི་གོམས་གཤིས་ངན་པའི་རིགས་ལ་སྔོན་འགོག་བྱས། གོ་རིམ་ལྡན་ལ་ནུས་པ་ཐོན་པའི་སྒོ་ནས་སྨན་བཅོས་བྱེད་ཐུབ་པར་ཁག་ཐེགས་བྱས། རྗེས་ཕྱོགས་ནས་རྫོང་དེའི་ནད་རིགས་སྔོན་འགོག་ལྟེ་གནས་ཀྱིས་སྨན་རྫས་ཀྱིས་ནད་པར་ཐོན་པའི་ནུས་པར་ཚོད་དཔག་དཔྱད་ལེན་བྱས་ནས། ཚིགས་ལྦ་ནད་པར་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ནད་པའི་དངོས་བཅོས་ནད་རྟགས་ངོས་ཟིན་སླ་བ། འཚོ་བའི་སྤུས་ཀ་སོགས་ཇེ་བཟང་དུ་འགྲོ་བར་ཁག་ཐེག་བྱེད་བཞིན་ཡོད།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-16 4 4 阿坝日报藏文 c68505.html 1 ལིས་རྫོང་གིས་ཚིགས་ལྦ་ནད་པར་རིན་མི་དགོས་པར་སྨན་རྫས་སྟེར། /enpproperty-->