数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིས་ལྗོངས་རྒྱུ་བ་མི་ཐེངས་ཁྲི119.85ལྷག་སྣེ་ལེན་བྱས་ནས་ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི78715.22ལྷག་ཏུ་བསླེབས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ10བའི་ཚེས་8ཉིན། གསར་འགོད་པས་ཁུལ་ལྗོངས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྟོན་སྐབས་སུ་ཁུལ་ཡོངས་སུ་ལྗོངས་རྒྱུ་བ་མི་ཐེངས་ཁྲི119.85ལྷག་སྣེ་ལེན་བྱས་ནས། ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི78715.22ལྷག་མངོན་འགྱུར་བྱུང་བས། སོ་སོ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ8.66དང་བརྒྱ་ཆ7.3རེ་འཕར།

རང་ཁུལ་གྱི་རྒྱལ་སྟོན་སྐབས་ཀྱི་ལྗོངས་སྐོར་ཁྲོམ་རར་བལྟས་ན། ངལ་གསོའི་རིང་གི་ལྗོངས་སྐོར་ལ་རྣམ་པ་གསར་བ་དང་འཕེལ་རྒྱས་གསར་བ། གྲུབ་འབྲས་གསར་བ་ཐོབ་ཡོད་པ་མིག་མཐོང་ལག་ཟིན་ཡིན། ཁུལ་ནང་དང་ཉེ་འཁོར་གྱི་འགྲིམ་འགྲུལ་སྟབས་ཇེ་བདེར་སོང་བ་དང་། རང་འདེམས་ལྗོངས་སྐོར་འཕེལ་རྒྱས་སུ་སོང་བ། ལྗོངས་སྐོར་དྲ་རྒྱའི་ཆ་འཕྲིན་སྟེགས་བུ་བཙུགས་པ་ནས་ཚད་ལྡན་ཅན་དུ་འགྱུར་བཞིན་པ་དང་བསྟུན་ནས། ལྗོངས་རྒྱུ་བ་ལྗོངས་སྐོར་དུ་འགྲོ་བའི་ཐབས་ལམ་ཡང་སྣ་མང་ཅན་དུ་འགྱུར་བཞིན་པར་མ་ཟད། འཛད་སྤྱོད་ཡང་ཚུལ་མཐུན་ཅན་དུ་འགྱུར་བཞིན་ཡོད་ལ། ཁ་ཐོར་བའི་ལྗོངས་རྒྱུ་བ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ལྗོངས་རྒྱུ་བ་མང་པོས་རང་གིས་རླངས་འཁོར་བསྐོར་ནས་ལྗོངས་སྐོར་ལ་འགྲོ་བ་དང་རང་འདེམས་ཀྱི་རྣམ་པས་ལྗོངས་སྐོར་བྱེད་པ་ཇེ་མང་དུ་འགྲོ་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་སྟོན་དུས་ཆེན་སྐབས་སུ་ཝུན་ཁྲོན་དང་ལིས་རྫོང་། མའོ་རྫོང་། ཁྲོ་ཆུ། བཙན་ལྷ། མཛོད་དགེ་བཅས་ཀྱི་རྫོང་དུ་ཡོང་བའི་ལྗོངས་རྒྱུ་བ་མང་ཆེ་བ་ནི་རླངས་འཁོར་རང་སྐོར་གྱི་ལྗོངས་རྒྱུ་བ་དང་རང་འདེམས་ཀྱི་རྣམ་པས་ལྗོངས་སྐོར་དུ་འགྲོ་བ་རྣམས་ཡིན། རང་གིས་རླངས་འཁོར་བསྐོར་བའི་ལྗོངས་རྒྱུ་བ་མང་ཆེ་བ་ནི་ཞིང་ཆེན་ནང་ཁུལ་གྱི་ཁྲེང་ཏུའུ་དང་མེན་དབྱང་། ཁྲུང་ཆིང་དང་དེ་མིན་ཧྲན་ཞི་སོགས་ཞིང་ཆེན་གཞན་པ་ནས་ཡོང་མཁན་ཡིན།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-16 4 4 阿坝日报藏文 c68507.html 1 རང་ཁུལ་གྱིས་ལྗོངས་རྒྱུ་བ་མི་ཐེངས་ཁྲི119.85ལྷག་སྣེ་ལེན་བྱས་ནས་ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི78715.22ལྷག་ཏུ་བསླེབས། /enpproperty-->