数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས17པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས18པ་འབར་ཁམས་སུ་འཚོགས།

ངེད་གསར་འགྱུར་གྱི་གསར་བཀོད།ཟླ10བའི་ཚེས9ཉིན། སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས17པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས18པ་འབར་ཁམས་སུ་འཚོགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་གྱིས་ཚོགས་འདུའི་གཙོ་འགན་བཞེས།

ཚོགས་འདུར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གླིང་ཁུལ་བསྐྲུན་པའི་སྐུལ་སློང་ཚོགས་འདུར་གནང་བའི་གསུང་བཤད་དང་ཁུལ་ཡོངས་ཀྱི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀའི་ཚོགས་འདུར་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། ཁུལ་ཨུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་སྲིད་གྲོས་ཀྱིས་དབུལ་ཚབས་ཆེ་བའི་ས་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་ལ་ནུས་ཤུགས་བཏང་ནས་མུ་མཐུད་དུ་ངས་དབུལ་བྲལ་གནད་སྒྲོལ་ལ་དོན་དག་གཅིག་སྒྲུབ་ཅེས་པའི་བྱེད་སྒོ་སྤེལ་བའི་ལས་ཀའི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་སོགས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ། 《གཟི་རྩ་སྡེ་དགུའི8·8ཀྱི་ས་འགུལ་ཆེན་པོའི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀའི་གནས་ཚུལ་དང་ཆེད་དོན་དམངས་གཙོའི་ལྟ་སྐུལ་ལ་ལྟ་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ》དང《མའོ་རྫོང་གི6·24འདམ་རྡོའི་རི་ཉིལ་ཆེན་པོའི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀའི་གནས་ཚུལ་དང་ཆེད་དོན་དམངས་གཙོའི་ལྟ་སྐུལ་ལ་ལྟ་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ》གཉིས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་འདུར་ད་དུང་ལས་ཀ་གཞན་དག་ལ་ཞིབ་འཇུག་བྱས་པར་མ་ཟད། ཚོགས་འདུ་མ་འཚོག་སྔོན་དུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་སློབ་སྦྱོང་བྱས།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-16 4 4 阿坝日报藏文 c68506.html 1 སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས17པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས18པ་འབར་ཁམས་སུ་འཚོགས། /enpproperty-->