数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

མཛོད་དགེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ ཐོན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ།

ངེད་གསར་འགྱུར་གྱི་གསར་བཀོད། གོམ་གང་མདུན་སྤོས་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཆེད། ཉེ་ཆར། མཛོད་དགེ་རྫོང་གིས་ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་དང་། གཅིག་སེམས་གཅིག་འབྲེལ་གྱིས་འཆམ་མཐུན་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་པའི་མི་རིགས་མཐུན་སྒྲིལ་བརྗོད་བྱ་གཙོ་བོ་བྱེད་པ་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་མང་ཚོགས་ལ་མི་རིགས་སྲིད་ཇུས་ཐད་ཁ་འབྲལ་ཐབས་མེད་པ་གསུམ་དང་མོས་སེམས་ལྔ། བྱེད་མི་ཆོག་པ་ལྔ་སོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས། སྲང་ལམ་དུ་འཕྲེད་འགེལ་སྦྱར་ཡིག་དོན་ཚན7བཀལ་བ་དང་། LEDགློག་རྡུལ་བཪྙན་འཕྲིན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སྦྱར་ཡིག་ཐེངས2000ལྷག་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཡིག་ཆ2000ལྷག་དང་། ཀྲུང་གོའི་ཆོས་ལུགས་སྐོར་གྱི་དཔེ་དེབ། མི་རིགས་དུས་དེབ་སོགས་ཀྱི་དྲིལ་སྒྲོག་ལག་དེབ900ལྷག་བཀྲམ་པ་དང་། བྱེད་སྒོར་ཞུགས་པའི་མི2000ལྷག་ཡོད། ཐེངས་འདིའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་བ་བརྒྱུད། དངོས་སུ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ངོས་འཛིན་དང་བསམ་ཤེས་ཐད་ལ་ཤུགས་སྣོན་བཏང་ཞིང་། རྫོང་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་དྲིལ་སྒྲོག་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཏོ།།

(འོདགསལ་མཚོས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-16 4 4 阿坝日报藏文 c68518.html 1 མཛོད་དགེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ ཐོན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ། /enpproperty-->