数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཞིང་ཆེན་ནང་ཁུལ་གྱི་གང་སར་སྤྱོད་ཆོད་པའི་སྨན་བཅོས་བྱང་བུ།

རང་རེའི་ཞིང་ཆེན་དུ་སྨན་བཅོས་འགན་ལེན་གྱི་མི་སྒེར་དངུལ་ཐོ་དེ་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་ཐད་ཀར་རྩིས་རྒྱག་ཆོག་པའི་ལས་སྒོ་དེ། ཟླ10བའི་ཚེས1ཉིན་ནས་བཟུང་ཁྱོན་ཡོངས་སུ་ལག་བསྟར་བྱས་ཡོད་པ་རེད།

མིག་སྔར། ཞིང་ཆེན་ཡོངས་སུ་ཞིང་ཆེན་ནང་ཁུལ་དུ་སྨན་བཅོས་འགན་ལེན་གྱི་མི་སྒེར་གྱི་དངུལ་ཐོ་དེ་ཡུལ་གཞན་དུ་ཐད་ཀར་རྩིས་རྒྱག་ཆོག་པའི་སྨན་ཁང464དང་སྨན་རྫས་ཚོང་ཁང1073ཡོད་པས། སྨན་བཅོས་འགན་ལེན་ནང་ཞུགས་ཡོད་མཁན་གྱི་མི་སྒེར་གྱིས་སྨན་བཅོས་འགན་ལེན་གྱི་བྱང་བུ་བཟུང་ནས་སྨན་ཁང་དང་སྨན་རྫས་ཚོང་ཁང་འདི་དག་ཏུ་ཕྱིན་ཏེ་འཛད་སྤྱོད་བྱེད་སྐབས། ཐད་ཀར་མི་སྒེར་གྱི་སྨན་བཅོས་འགན་ལེན་གྱི་བྱང་བུ་བཀོལ་ནས་མ་དངུལ་བསྡོམས་རྩིས་རྒྱག་ཆོག

ཟླ10བའི་ཚེས8ཉིན། ཞིང་ཆེན་གྱི་སྨན་བཅོས་འགན་ལེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་ད་ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ནང་ཁུལ་དང་ཁྲེང་ཏུའུ། མེན་དབྱང་། ལི་ཧྲན། ནའེ་ཅང་། ནན་ཁྲུང་། ཙི་དབྱང་སོགས་སུ་ཞིང་ཆེན་ནང་ཁུལ་གྱི་མི་སྒེར་གྱི་སྨན་བཅོས་འགན་ལེན་གྱི་དངུལ་ཐོ་ཡུལ་གཞན་དུ་ཐད་ཀར་རྩིས་རྒྱག་ཐུབ་པའི་ཚོད་ལྟའི་ས་ཚིགས་ཁག་དང་པོ་བཙུགས་ཤིང་། ཟླ9བ་ནས་བཟུང་། ཏའེ་དབྱང་དང་དཀར་མཛེས། མེ་ཧྲན་བཅས་ས་ཁུལ་དུ་ཚོད་ལྟ་ས་ཚིགས་ཁག་གཉིས་པ་བཙུགས། ཟླ་གཉིས་ཀྱི་རིང་ལ་ཚོད་ལྟ་ཚུལ་གྱིས་འཁོར་རྒྱུགས་བྱས་པ་བརྒྱུད། ཞིང་ཆེན་ནང་ཁུལ་དུ་སྨན་བཅོས་འགན་ལེན་གྱི་མི་སྒེར་གྱི་དངུལ་ཐོ་དེ་ཐད་ཀར་ཡུལ་གཞན་དུ་རྩིས་རྒྱག་ཆོག་པའི་མ་ལག་འཁོར་རྒྱུགས་བྱས་པ་ཅུང་བརྟན་པོ་ཡིན། ཚོད་ལྟ་འཁོར་རྒྱུགས་བྱེད་པའི་བར་སྐབས་སུ། ཞིང་ཆེན་ཡོངས་སུ་ཡུལ་གཞན་གྱི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་དུ་ཐད་ཀར་སྒོར་ཁྲི1.85རྩིས་བརྒྱབ་པ་ན། འགྲོ་གྲོན་སྒོར་ཁྲི412.8ཡོད། ཡུལ་གཞན་གྱི་སྨན་རྫས་ཚོང་ཁང་དུ་ཐད་ཀར་སྒོར་ཁྲི2.14རྩིས་བརྒྱབ་པ་དང་། འགྲོ་སོང་སྒོར་ཁྲི365.1འདུས་ཡོད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རང་རེའི་ཞིང་ཆེན་གྱི་སྨན་བཅོས་འགན་ལེན་ནང་ཞུགས་ཡོད་པའི་མི་སྣས་ཡུལ་གཞན་དུ་མི་སྒེར་གྱི་སྨན་བཅོས་འགན་ལེན་གྱི་དངུལ་ཐོ་བཀོལ་སྐབས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་ཐོ་འགོད་སྙན་སེང་ཞུ་བའི་འགྲོ་ལུགས་སྒྲུབ་མི་དགོས་པ་དང་། མི་སྒེར་གྱི་སྨན་བཅོས་འགན་ལེན་གྱི་དངུལ་ཐོ་དེ་ཡུལ་གཞན་དུ་ཐད་ཀར་རྩིས་རྒྱག་ཆོག་པའི་སྨན་ཁང་དང་སྨན་རྫས་ཚོང་ཁང་ཚང་མར་ཐད་ཀར་སྨན་བཅོས་འགན་བཅོལ་གྱི་བྱང་བུ་བཀོལ་ནས་རྩིས་རྒྱག་ཆོག སྨན་བཅོས་འགན་ལེན་གྱི་སྒྲིག་གཞིའི་ཆ་འཕྲིན་སྒོ་འབྱེད་འདོད་མཁན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྲིད་དོན་དྲྭ་ཚིགས་ནས་འདྲི་ཞིབ་བྱས་ཆོག རྗེས་མར་ཞིང་ཆེན་ཡོངས་ཀྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་མཉམ་འབྲེལ་དྲ་བ་ནས་ཐད་ཀར་རྩིས་རྒྱག་ཆོག་པའི་སྨན་བཅོས་སྒྲིག་གཞིའི་ཁྱབ་ཁོངས་རིམ་གྱིས་རྒྱ་བསྐྱེད་གཏང་རྒྱུ་རེད།།

(རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-16 4 4 阿坝日报藏文 c68519.html 1 ཞིང་ཆེན་ནང་ཁུལ་གྱི་གང་སར་སྤྱོད་ཆོད་པའི་སྨན་བཅོས་བྱང་བུ། /enpproperty-->