数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་བར་མཛུབ་སྟོན་གལ་ཆེན་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ12ཚེས4ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་བ་འཆར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་བའི་ནན་བཤད་གནང་ཡོད། རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནི་ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལག་ལེན་དང་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་བཟོས་པ་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་ཞིག་ཡིན་པས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་བྱས་ནས་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་ལྡན་པས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་གཞི་རྩའི་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བར་རྒྱལ་སྲིད་སྐྱོང་ལུགས་ཐད་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་འདོན་དགོས། ཚན་རིག་དང་མཐུན་ཞིང་གོ་ཆོད་དང་མ་ལག་ཆ་ཚང་བའི་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་འགན་ལེན་བྱེད་དགོས། རྩ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱས་ཏེ་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་དེ་ཆུ་ཚད་གསར་པ་ཞིག་གི་ཐོག་ཏུ་གོང་མཐོར་གཏོང་པ་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་ལ་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་ཆེ་རུ་བཏང་སྟེ་མི་དམངས་ཡོངས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་ལྷག་བསམ་ཟོལ་མེད་ཀྱི་གོང་བཀུར་ཞུ་མཁན་དང་། རང་རྟོགས་ཀྱི་སྲུང་བརྩི་ཞུ་མཁན། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་བྱེད་མཁན་བཅས་ལ་འགྱུར་བ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་ནས་ཞི་ཅིན་ཕིང་གིས་རྩ་ཁྲིམས་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ལི་ཀྲན་ཧྲུའུ་ཡིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40སོང་རིང་རྩ་ཁྲིམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས་པ་དང་སྐུལ་འདེད་བཏང་བ་མ་ཟད། རྩ་ཁྲིམས་ལག་བསྟར་ཐད་ཉམས་མྱོང་རྩ་ཆེན་བསགས་ཡོད། གཅིག་ནས་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་པའི་འགན་ལེན་བྱས་པ་དང་། གཉིས་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཐོག་ལམ་ལུགས་དང་མ་ལག་ལ་བརྟེན་ནས་མི་དམངས་ཀྱི་རང་ཐག་རང་གཅོད་འགན་ལེན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱུང་བ། གསུམ་ནས་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་ལས་འགན་དང་། འཕེལ་རྒྱས་ཀྱི་ལམ་བུ། འབད་འཐབ་ཀྱི་དམིགས་ཚད་བཅས་ལ་གཞིགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པ། བཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་མཐའ་འཁྱོངས་བྱས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལག་ལེན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འཚོ་བ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་གོང་མཐོར་བཏང་བ། ལྔ་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། རང་རྒྱལ་གྱིས་ད་ལྟ་ལག་ལེན་དུ་བསྟར་བའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་ གནས་ཚུལ་དང་འཚམ་པ་དང་། དོན་དངོས་དང་འཚམ་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཀྱི་རྩ་ཁྲིམས་ཡག་པོ་ཞིག་ཡིན་པས་ངེས་པར་དུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཡུན་རིང་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་བཅས་བྱེད་དགོས་ཞེས་གསུངས།

ལི་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རྩ་ཁྲིམས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྩ་ཁྲིམས་ལྟེ་བར་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཆ་ཚང་བའི་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་བརྒྱུད་དེ་དཔེ་དེབ་ནང་འཁོད་པའི་རྩ་ཁྲིམས་ལག་ལེན་ཁྲོད་ཀྱི་རྩ་ཁྲིམས་ལ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།།(《མི་དམངས་ཉིན་རེའི་ཚགས་པར》ལས་བཤུས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-12-11 4 4 阿坝日报藏文 c71726.html 1 ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་བར་མཛུབ་སྟོན་གལ་ཆེན་གནང་བ། /enpproperty-->