数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་གིས་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་དུ་བརྟག་ཞིབ་མཛད་སྐབས་སུ་གསུང་དོན།

གཟི་རྩ་སྡེ་དགུའི་བསྐྱར་བསྐྲུན་ལས་ཀ་དེ་ཆབ་སྲིད་ཀྱི་ལས་གྲྭ་དང་འཛམ་གླིང་གི་ལས་གྲྭ།དམངས་སེམས་ཀྱི་ལས་གྲྭར་བརྩིས་ནས་དམ་འཛིན་ལེགས་པོ་བྱེད་དགོས།

དབྱང་ཁེ་ཉིང་ཚོགས་འདུར་ཞུགས།

ཟླ12པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གཟི་རྩ་སྡེ་དགུའི་ལྗོངས་ཁུལ་དུ་གཞི་རིམ་གྱི་ལས་བྱེད་པ་དང་ས་དེའི་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་ནས། སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བ་རོལ་སྟངས་དང་སྡེ་བ་སྲུང་སྐྱོང་བྱེད་ཚུལ་སོགས་ལ་རྒྱུས་ལོན་མཛད།

ངེད་གསར་འགྱུར་གྱི་གསར་བཀོད།ཟླ12པའི་ཚེས1ཉིན་ནས་ཚེས4ཉིན་གྱི་བར་དུ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་དུ་བརྟག་ཞིབ་མཛད་པར་ཕེབས་ནས། གནོད་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་སྐུལ་འདེད་བྱེད་ཚུལ་ལ་ཞིབ་བཤེར་དང་རྒྱུས་ལོན་མཛད། གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀ་དང་ལྗོངས་སྐོར་རིམ་སྤོར་གྱི་ལས་ཀ་སོགས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟི་རྩ་སྡེ་དགུའི་གནོད་རྗེས་བསྐྱར་སྐྲུན་སྐོར་གྱི་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུའི་ཕེང་ཆིང་ཧྭ་རང་ཁུལ་དུ་ཕེབས་སྐབས་ཀྱི་གསུང་བཤད་དགོངས་དོན་སོགས་ལག་བསྟར་དོན་འཁྱོལ་བྱས་ནས། གཟི་རྩ་སྡེ་དགུའི་བསྐྱར་སྐྲུན་ལས་ཀ་དེ་ཆབ་སྲིད་ཀྱི་ལས་གྲྭ་དང་འཛམ་གླིང་གི་ལས་གྲྭ། དམངས་སེམས་ཀྱི་ལས་གྲྭར་བརྩིས་ནས་སྤུས་ཚད་མཐོན་པོའི་ལེགས་འགྲུབ་ཡོང་བར་བྱེད་དགོས་ལ། འགན་ཁུར་གྱི་འདུ་ཤེས་དང་དྲིན་གཟོ་ཡར་བརྩོན་གྱི་བསམ་པ་བཟུང་ནས་མིག་དཔེ་གསུམ་དང་ལྗོངས་སྐོར་རིམ་སྤོར་སོགས་ཀྱི་ལས་ཀ་གཙོ་བོར་བཟུང་སྟེ། མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་ལ་ཡིད་ཆེས། མང་ཚོགས་ལ་བརྟེན་ནས་བསྐྱར་སྐྲུན་རྣམ་གྲངས་དག་སྤུས་ཚད་མཐོན་པོ་དང་ལས་ཆོད་མཐོན་པོས་གནོད་ཁུལ་དང་ལྗོངས་ཁུལ་གྱི་བསྐྱར་སྐྲུན་ལས་ཀར་སྐུལ་འདེད་བཏང་ནས། མཚར་སྡུག་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་བ་ཞིག་བཏོད་པར་འབད་བརྩོན་བྱེད་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་ས་ཚིགས་ཁ་ཤས་སུ་བརྟག་ཞིབ་མཛད་པར་མཉམ་དུ་ཕེབས།

ལིའུ་ཕིང་འཁོར་དང་བཅས་པ་སྔ་གཞུག་ཏུ་གཟི་རྩ་སྡེ་དགུའི་ལྗོངས་ཁུལ་ཉེ་འགྲམ་གྱི་སྡེ་བ་འགར་སོང་ནས། ཡུལ་དངོས་ནས་མང་ཚོགས་ཀྱི་ཁང་བ་སོགས་བསྐྱར་སྐྲུན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བརྟག་ཞིབ་མཛད་སྐབས་སུ་ལིའུ་ཕིང་གིས་གཟི་རྩ་སྡེ་དགུ་རྫོང་དུ་ཁུལ་གྱི་བསྐྱར་སྐྲུན་ཨུའི་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་འཚོགས་ནས། ལས་ཀའི་སྙན་ཞུ་སོ་སོར་ཉན་པར་མ་ཟད། དུས་རིམ་བར་མའི་བསྐྱར་སྐྲུན་འཆར་འགོད་ལ་ཚོད་དཔག་དང་རྣམ་གྲངས་ཀྱི་ལེགས་སྒྲིག་ལ་གཅིག་བསྡུས་ཀྱིས་ཞིབ་འཇུག་དང་གྲོས་ཞིབ་མཛད།

དབྱང་ཁེ་ཉིང་གིས་ཁུལ་གྱི་བསྐྱར་སྐྲུན་ཨུའི་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་གཙོ་འགན་བཞེས་དུས་གསུང་དོན། ངོས་འཛིན་བྱེད་སྟངས་མཐོ་རུ་གཏོང་བ་དང་འགན་འཁྲི་ཆེ་རུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྣམ་གྲངས་ལག་ལེན་བྱེད་སྐབས་སུ་ལེགས་སྒྲིག་གནད་འཁེལ་བྱེད་དགོས། གཅིག་གྱུར་གྱི་འཆར་འགོད་ལ་ཤུགས་སྣོན་དང་སྟེང་འོག་མཐུན་སྒྲིལ་བྱེད་པ། བསྐྱར་སྐྲུན་གྱི་སྤྱིའི་དམིགས་འབེན་ལ་ཕྱོགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་བསྡུར་ཚད་ལེན་བྱེད་དགོས།

ཁུལ་གྱི་འགོ་ཁྲིད་ཅིན་ཅི་ཁྲང་དང་ལུའོ་ཀྲི་པའོ། དབྱང་ཞིང་། ཡུས་ཡུང་། ཧྲུའུ་ཁྲི། ཀོ་ཉིང་། ཀྲའོ་ཅིང་ཏུང་སོགས་བརྟག་ཞིབ་མཛད་པ་དང་ཁུལ་གྱི་བསྐྱར་སྐྲུན་ཨུའི་ཐེངས་བཞི་བའི་ཚང་འཛོམས་གྲོས་ཚོགས་སོགས་སུ་ཞུགས།།

(མགོན་པོ་ཚེ་བརྟན་གྱིས་བསྐྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-12-11 དབྱང་ཁེ་ཉིང་ཚོགས་འདུར་ཞུགས། ལིའུ་ཕིང་གིས་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་དུ་བརྟག་ཞིབ་མཛད་སྐབས་སུ་གསུང་དོན། 4 4 阿坝日报藏文 c71727.html 1 གཟི་རྩ་སྡེ་དགུའི་བསྐྱར་བསྐྲུན་ལས་ཀ་དེ་ཆབ་སྲིད་ཀྱི་ལས་གྲྭ་དང་འཛམ་གླིང་གི་ལས་གྲྭ།དམངས་སེམས་ཀྱི་ལས་གྲྭར་བརྩིས་ནས་དམ་འཛིན་ལེགས་པོ་བྱེད་དགོས། /enpproperty-->