数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

གསར་འགྱུར་ཐུང་ངུ་།

▲ཟླ12པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གཙོ་འགན་བཞེས་ནས་གཟི་རྩ་སྡེ་དགུ་རྫོང་དུ་ཁུལ་ཨུས་རྒྱུན་ཨུའི་གྲོས་ཚོགས་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་ཚོགས་འདུར་ཞུགས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཆོན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་མིང་ཧུའེ་གཉིས་ཚོགས་འདུར་ཟུར་ཞུགས་བྱས།

▲ཟླ12པའི་ཚེས4ཉིན་གྱི་སྔ་དྲོར། ཁུལ་ཁྲིམས་འཛིན་ཅུས་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་ཁྲིམས་ལྟར་ཁུལ་སྐྱོང་གཞུང་ལས་ཁང་། ཁུལ་སློབ་གསོ་ཅུས་སོགས་ཀྱི་ལས་ཁུངས30ལྷག་གིས་རྩ་ཁྲིམས་བརྩི་སྲུང་དང་རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་སྲུང་སྐྱོང་དང་རྩ་ཁྲིམས་བེད་སྤྱོད་བྱེད་པ་བརྗོད་གཙོར་བྱས་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ།

▲ཟླ12པའི་ཚེས2ཉིན། སྐབས་བདུན་པའི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་ཉིན་མོར། ཝུན་ཁྲོན་རྫོང་གིས12.2ཡི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-12-11 4 4 阿坝日报藏文 c71729.html 1 གསར་འགྱུར་ཐུང་ངུ་། /enpproperty-->