数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

མཛེས་པའི་འཛམ་ཐང་།བརྩེ་བའི་ཤར་ཕྱོགས་ཞེས་པའི་རིག་གནས་ཀྱི་གཟའ་འཁོར་བྱེད་སྒོ་ཏའེ་དབྱང་ནས་སྤེལ།

ཉེར་ཆར། འཛམ་ཐང་རྫོང་དང་ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་གཉིས་ཀྱི་མཉམ་དུ་གཙོ་སྒྲུབ་བྱས་པའི་མཛེས་པའི་འཛམ་ཐང་། བརྩེ་བའི་ཤར་ཕྱོགས་ཞེས་པའི་འཛམ་ཐང་རྫོང་གི་རིག་གནས་བསྒྲགས་པའི་བྱེད་སྒོ་ཏའེ་དབྱང་གྲོང་ཁྱེར་ནས་སྤེལ།

སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པ་དང་ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་ཚོགས་པ་དབུ་བརྙེས་ནས་ལོ་འཁོར52ལོན་པ་དང་། ཤར་ཕྱོགས་གློག་ཤུགས་ཚད་ཡོད་ཀུང་སིས་འཛམ་ཐང་རྫོང་ལ་རིགས་མཐུན་རོགས་སྐྱོར་བྱས་ནས་ལོ་ངོ6ལོན་ཡོད་ཅིང་། བསྡོམས་འབོར་མ་དངུལ་སྒོར་ཁྲི630.8ལྷག་བཏང་བ་དང་། རྣམ་གྲངས་རིགས13གྱི་འཛུགས་སྐྲུན་རོགས་སྐྱོར་བྱས་ཡོད།

འཛམ་ཐང་རྫོང་གིས་སྲོལ་རྒྱུན་སྐོར་བྲོ་སོགས་ཀྱི་རིག་གནས་འཁྲབ་སྟོན་དང་པར་རིས་འགྲེམ་སྟོན་བྱས་ནས། ཕྱོགས་ཡོངས་ནས་མི་རིགས་ཀྱི་དམངས་ཁྲོད་རིགས་གནས་དང་ཆོས་ལུགས་རིག་གནས། མཛེས་ལྗོངས་རིག་གནས། སྐྱེ་ཁམས་རིག་གནས་སོགས་ཏའེ་དབྱང་མང་ཚོགས་ཀྱི་སྤྱན་སྔར་འགྲེམ་སྟོན་བྱས་པ་རེད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-12-11 4 4 阿坝日报藏文 c71728.html 1 མཛེས་པའི་འཛམ་ཐང་།བརྩེ་བའི་ཤར་ཕྱོགས་ཞེས་པའི་རིག་གནས་ཀྱི་གཟའ་འཁོར་བྱེད་སྒོ་ཏའེ་དབྱང་ནས་སྤེལ། /enpproperty-->