数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིས་གཞུང་ལམ་རྒྱུད་ཀྱི་མཚོན་རྟགས་ཚད་ལྡན་ཅན་དུ་གཏོང་བཞིན་ཡོད།

ངེད་གསར་འགྱུར་གྱི་གསར་བཀོད། གཞུང་ལམ་ཤར་བགྲོད་ཀྱི་ཆ་རྐྱེན་ཇེ་བཟང་དུ་གཏོང་ཆེད། འགྲིམ་འགྲུལ་ཁོར་ཡུག་མུ་མཐུད་ལེགས་སྒྱུར་བྱེད་བཞིན་ཡོད། ཉིན་བསྟུད་མར་རང་ཁུལ་གྱིས་སྲིད་གཞུང་གིས་གཙོ་ཁྲིད་དང་ལས་ཁུངས་སོ་སོས་རོགས་རམ་བྱེད་པ། ཕྱོགས་བསྡུས་ལེགས་བཅོས་དང་རྩ་ལག་མཉམ་བཅོས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། གཙང་ཞིང་གྲལ་དག་པའི་གཞུང་ལམ་རྒྱུད་ཀྱི་མཛེས་ལྗོངས་བཙུགས་ནས། ཕྱོགས་ཡོངས་ནས་གཞུང་ལམ་དང་གཞུང་ལམ་རྒྱུད་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ། རྔ་བ་ཁུལ་གྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྣང་བརྙན་ཡག་པོ་མངོན་ཡོད།

ས་གནས་ཀྱི་དམངས་སྲོལ་དང་སྦྲེལ་ནས་གཅིག་གྱུར་འཆར་འགོད་དང་ཁྱད་ཆོས་མངོན་པའི་རྩ་དོན་ལྟར། གཞུང་ལམ་རྒྱུད་ཀྱི་མཚོན་རྟགས་ཚད་ལྡན་ཅན་དུ་བཏང་ནས། གཞུང་ལམ་རྒྱུད་ཀྱི་མཚོན་རྟགས་ཀྱི་གཅིག་གྱུར་རང་བཞིན་དང་མཛེས་པའི་རང་བཞིན་ལ་འགན་ལེན་བྱས། ཟླ4བའི་ཚེས4ཉིན་གྱི་བར་དུ། རང་ཁུལ་གྱི་མཚོན་རྟགས197ལྷག་ཁ་སྣོན་དང་ཞུ་དག་བྱས། གཞུང་ལམ་གྱི་མཚོན་རྟགས་མིན་པའི་སྦྱར་ཡིག་དང་བརྡ་ཆ1182མེད་པར་བཟོས། དེ་དང་དུས་མཚུངས་སུ་གཞུང་ལམ་རྒྱུད་ཀྱི་མཚོན་རྟགས་ཚད་ལྡན་ཅན་དུ་གཏོང་ཆེད། ཁུལ་གཞུང་ལམ་ཅུས་ཀྱིས་གཞུང་ལམ་མཚོན་རྟགས19082ལྷག་བཟོས་ཚར་བ་དང་། དེར་སྔོན་རྩིས་བྱས་ན་མ་དངུལ་སྒོར་ཁྲི2400ལྷག་གཏོང་རྒྱུ་རེད། ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ཀྱིས་མ་དངུལ་སྒོར་ཁྲི1500བཏང་ནས། ལྗོངས་སྐོར་མཚོན་རྟགས591ལྷག་གསར་དུ་འཛུགས་རྩིས་ཡོད་ཅིང་། ཨར་ལས་དེ་ཟླ4བའི་ཚེས7ཉིན་སྐྲུན་མགོ་བཟུང་བ་དང་། སྔོན་དཔག་བྱས་ན་ཟླ6པའི་ཚེས1ཉིན་གྱི་བར་དུ་ལས་ཀ་འདི་ལས་ཚར་རྒྱུ་རེད།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-04-23 4 4 阿坝日报藏文 c79293.html 1 རང་ཁུལ་གྱིས་གཞུང་ལམ་རྒྱུད་ཀྱི་མཚོན་རྟགས་ཚད་ལྡན་ཅན་དུ་གཏོང་བཞིན་ཡོད། /enpproperty-->