数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

དབྱང་ཁེ་ཉིང་གིས་ཁུལ་ཆུ་དོན་ཅུས་སུ་རྟོག་ཞིབ་མཛད།

ངེད་གསར་འགྱུར་གྱི་གསར་བཀོད། ཁུལ་ཡོངས་ཀྱི་ཆུ་དོན་ལས་ཀར་ཐུགས་ཁུར་དང་གཅེས་སྐྱོང་གི་སེམས་པ་བཟུང་ནས། ཟླ6པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་ཁུལ་ཆུ་དོན་ཅུས་སུ་རྟོག་ཞིབ་མཛད་པར་ཕེབས།

ཁོང་གིས་གསུང་དོན། དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བཅད་ནས་ཆུ་དོན་ལས་ཀ་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཤུགས་ཆེ་རུ་བཏང་ནས་བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་གང་ཐུབ་བྱེད་དགོས། ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སྲུང་སྐྱོང་། ཆུའི་ཐོན་ཁུངས་དོ་དམ་བཅས་ལ་ཞིབ་འཇུག་བྱས་ཏེ། བླང་བྱ་གཅིག་ཁ་གསལ་དང་ལས་གྲྭ་ཆེན་པོ་བཞི་དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་དོ་དམ་ལྔ་ལ་ཤུགས་སྣོན་བྱས་ནས། འགོ་ཁྲིད་ཚན་པ་དམ་འཛིན་དང་དཔུང་ཁག་ལ་ཁྲིད་སྟོན་བྱེད་པ། སྣང་བརྙན་ཡག་པོ་གཏོད་པ་བཅས་བྱས་ཏེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་ཆུ་བེད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ནས། ཆུ་དོན་ལ་བྱས་རྗེས་གསར་པ་འཇོག་པར་འབད་བརྩོན་བྱེད་དགོས།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 4 4 阿坝日报藏文 c82637.html 1 དབྱང་ཁེ་ཉིང་གིས་ཁུལ་ཆུ་དོན་ཅུས་སུ་རྟོག་ཞིབ་མཛད། /enpproperty-->