数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིས་ཡུལ་མིའི་ལས་བཟོ་བར་ཞབས་ཞུ་འགན་ ལེན་བྱེད་པའི་ལས་ཀར་ཤུགས་བསྣན།

ངེད་གསར་འགྱུར་གྱི་གསར་བཀོད། ཡུལ་མིའི་ལས་བཟོ་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་སྣང་བ་བཅས་ཇེ་མཐོ་རུ་གཏོང་ཆེད། ད་ལོ་ནས་བཟུང་རང་ཁུལ་གྱིས་ལས་ཞུགས་ཞབས་ཞུ་དང་རྩལ་ནུས་གསོ་སྦྱོང་། དབང་ཆ་སྲུང་སྐྱོང་གི་ཞབས་ཞུ་སོགས་ཀྱི་ཐད་ནས་རྒྱ་ཆེའི་ཡུལ་མིའི་ལས་བཟོ་བ་ཚོར་ཆ་སྙོམས་ཅན་གྱི་སྤྱི་པའི་ཞབས་ཞུ་དང་མི་གཤིས་དང་མཐུན་པའི་ཐུགས་ཁུར་དང་གཅེས་སྐྱོང་མཁོ་འདོན་ཧུར་ཐག་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། རླུང་འཕྲིན་དང་བརྙན་འཕྲིན། སྐད་འཕྲིན་སོགས་སྤྱད་དེ་ཡུལ་མིའི་ལས་བཟོ་བའི་ཞབས་ཞུ་འགན་ལེན་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་སློབ་གསོའི་ཁྲིད་སྟོན་བྱེད་པ། ཡུལ་མིའི་ལས་བཟོ་བ་རྣམས་ཕྱི་རུ་སོང་ནས་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་མ་གཏོང་བ་དང་། དེ་མིན་ཆེད་དོན་གདན་ཞུའི་ལས་དོན་སྤེལ་ནས་ཀྲེ་ཅང་དང་སི་ཁྲོན་གྱི་ཤར་ནུབ་ས་ཁུལ་བར་ཁ་གཏད་དབུལ་སྐྱོར་གྱི་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་རྫོང(གྲོང་ཁྱེར)ཁག་གིས2019ལོའི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་དབུལ་སྐྱོར་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས10ལྷག་ཙམ་གཉེར་བ་དང་། མི1000ལྷག་ཙམ་ཀྲེ་ཅང་དུ་གླ་བ་བྱེད་པར་སོང་། གནད་འཁེལ་བརྟག་དཔྱད་དང་གསོ་སྦྱོང་བྱས་ཏེ་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་ལྷག་པར་དུ་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་པོའི་མི་སྣ་གསོ་སྦྱོང་གི་འདོད་འདུན་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། གསོ་སྦྱོང་འཆར་གཞི་སྤྱི་བསྡོམས་མཐུན་སྦྱོར་བྱས་ཏེ《2019ལོའི་ཁུལ་ཡོངས་ཀྱི་ངལ་རྩོལ་རྟགས་མཚོན་དང་ཕ་ཡུལ་དུ་ཕྱིར་ལོག་ནས་ལས་གཏོད་གསོ་སྦྱོང་ལས་དོན་གྱི་ལག་བསྟར་ཇུས་གཞི》པར་འགྲེམ་བྱས་པ་དང་། ཁེ་དབང་སྲུང་སྐྱོང་གི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཀྲེ་ཅང་ཅ་ཤིང་དང་། ཝུན་ཀྲོའུ། ཐའེ་ཀྲོའུ་སོགས་དང་མཉམ་དུ《རྔ་བ་ཁུལ་ནས་ཡིན་པའི་ཡུལ་མིའི་ལས་བཟོ་བའི་ཞབས་ཞུའི་ས་ཚིགས་ཀྱི་དབང་སྤྲོད་གྲོས་མཐུན》ལ་མིང་རྟགས་བཀོད་ནས་རྔ་བ་ཁུལ་གྱི་ཡུལ་མིའི་ལས་བཟོ་བའི་ལས་དོན་ཞབས་ཞུའི་ས་ཚིགས་བཙུགས་ནས། ཡུལ་མིའི་ལས་བཟོ་བའི་གླ་ཆ་འགྱངས་ཆད་ཀྱི་ཐེར་འདོན་ཞུ་གཏུག་ཐབས་ལམ་དང་ངལ་རྩོལ་འདུམ་གཅོད་ཀྱི་ལྗང་མདོག་བགྲོད་ལམ་སྔར་བས་ཤར་གཏོང་ཐུབ་པ་བྱས་ཏེ་རང་ཁུལ་གྱི་ཡུལ་མིའི་ལས་བཟོ་བའི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 4 4 阿坝日报藏文 c82638.html 1 རང་ཁུལ་གྱིས་ཡུལ་མིའི་ལས་བཟོ་བར་ཞབས་ཞུ་འགན་ ལེན་བྱེད་པའི་ལས་ཀར་ཤུགས་བསྣན། /enpproperty-->