数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

གཟི་རྩ་སྡེ་དགུའི་ཧྲོང་ཧོ་ནས་རྫོང་མཁར་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལ་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། རྒྱལ་ལམ544པའི་གཟི་རྩ་སྡེ་དགུའི་ཧྲོང་ཧོ་ནས་རྫོང་མཁར་བར་གྱི་གཞུང་ལམ་ལ་སྒྱུར་བཀོད་བྱེད་པའི་ལས་གྲྭའི་ཚད་ལྡན་གྱི་ཞིབ་འཇུག་སྙན་ཞུ་ལ་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་དང་། རྣམ་གྲངས་ལ་ཚོད་རྩིས་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར28གཏོང་རྩིས་ཡོད།

རྣམ་གྲངས་དེ་གཟི་རྩ་སྡེ་དགུ་རྫོང་གི་ཧྲོང་ཧོ་གྲོང་རྡལ་སུང་པའེ་སྡེ་བར་མགོ་བཟུང་བ་དང་རྒྱལ་ལམ247པ་དང་སྦྲེལ་མཐུད་པ་དང་། གསར་སྐྲུན་ལམ་ཐིག་ཧོང་དབྱང་སྡེ་བར་ཐོན་རྒྱུ་རེད། གཟི་རྩ་སྡེ་དགུའི་རྫོང་མཁར་ནུབ་ཁུལ་དུ་ཕུག་ལམ་བཟོ་བ་དང་། དེ་སྔའི་ལམ་བུ་བརྒྱུད་དེ་ཨན་ལེ་ཡུལ་ཚོ་ཀྲུང་ཐེན་ཧྲན་སྡེ་བའི་བར་དུ་བསྐྱར་སྐྲུན་བྱ་རྒྱུ་རེད། སྐྲུན་རྩིས་ཡོད་པའི་རྒྱལ་ལམ544བའི་གཙོ་ཚང་སྒུ་གྲོང་རྡལ་ནས་གཟི་རྩ་སྡེ་དགུའི་རྫོང་མཁར་བར་གྱི་གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ17.7ཡོད་པ་དང་། རྫོང་མཁར་ནས་རྒྱལ་ལམ8513པའི་གཟི་རྩ་སྡེ་དགུ་ནས་མེན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྦྲེལ་མཐུད་བྱེད་པ་དང་། སྣོལ་ཟམ1འཛུགས་རྒྱུ་དང་། གཟི་རྩ་སྡེ་དགུའི་སྦྲེལ་ལམ་སྤྱི་ལེ3ཙམ་བསྐྲུན་རྒྱུ་རེད། རྣམ་གྲངས་འཛུགས་སྐྲུན་ལ་ལམ་མཚམས་དབྱེ་ནས་ལག་རྩལ་གྱི་ཚད་གཞི་ལག་བསྟར་བྱས་པའི་་ཧྲོང་ཧོ་གྲོང་རྡལ་སུང་པའེ་སྡེ་བ་ནས་ཧོང་དབྱང་སྡེ་བའི་བར་གྱི་སྤྱི་ལེ6.5ཙམ་གྱི་གཞུང་ལམ་དང་དེ་བཞིན་གཟི་རྩ་སྡེ་དགུའི་སྦྲེལ་མཐུད་ལམ་ཐིག་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ80དང་ལམ་གཞིའི་ཞེང་ཚད་སྨི25.5ཟིན་པའི་ཕྱོགས་གཉིས་སུ་བསྐྱོད་ཆོག་པ་དང་། འཁོར་ལམ་བཞི་ཡོད་པའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་རྒྱུ་རེད། ཧོང་དབྱང་སྡེ་བ་ནས་ཀྲུང་ཐེན་ཧྲན་སྡེ་བའི་བར་སྤྱི་ལེ11.2ཟིན་པ་དང་ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ80དང་ལམ་གཞིའི་ཞེང་ཚད་སྨི12ཡོད་པའི་ཕྱོགས་གཉིས་སུ་བསྐྱོད་ཆོག་པ་དང་། འཁོར་ལམ་ཉིས་གཤིབ་ཀྱི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་རྒྱུ་་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་གཟི་རྩ་སྡེ་དགུའི་རྫོང་མཁར་དང་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་མགྱོགས་མྱུར་སྒོས་མྱུར་བགྲོད་གཞུང་ལམ་དང་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། རྣམ་གྲངས་བསྐྲུན་རྗེས་ས་ཁོངས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གཞུང་ལམ་ཤར་བགྲོད་ཐུབ་པའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ལྗོངས་རྒྱུ་བ་དང་ལམ་རྒྱུད་ཀྱི་མང་ཚོགས་རྣམས་མྱུར་བགྲོད་གཞུང་ལམ་དུ་ཞུགས་པར་སྟབས་བདེ་བསྐྲུན་ཡོད། ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་དང་། གཟི་རྩ་སྡེ་དགུ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 4 4 阿坝日报藏文 c82640.html 1 གཟི་རྩ་སྡེ་དགུའི་ཧྲོང་ཧོ་ནས་རྫོང་མཁར་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལ་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ། /enpproperty-->