数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིས་ཁྱིམ་ཚང་དབུལ་བོའི་ལག་རྩལ་སྦྱོང་བརྡར་ དང་ལས་ཞུགས་ཀྱི་ལས་ཀར་སྐུལ་མ་བཏང་།

ངེད་གསར་འགྱུར་གྱི་གསར་བཀོད། ད་ལོར་རང་ཁུལ་གྱིས་ལས་ཞུགས་དབུལ་སྐྱོར་གྱི་གདན་ཞུ་དང་ངལ་རྩོལ་བ་ཕྱི་ཡུལ་དུ་སྐྱེལ་པ། ལས་སྒོའི་ལག་རྩལ་སྦྱོང་བརྡར། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག ལས་ཞུགས་དབུལ་སྐྱོར་གྱི་འཁོར་ཁང་བསྐྲུན་པ་སོགས་ཀྱི་དོན་དངོས་སྒྲུབ་པའི་ཐབས་ལམ་བརྒྱུད། ཁྱིམ་ཚང་དབུལ་བོའི་ལག་རྩལ་སྦྱོང་བརྡར་དང་ལས་ཞུགས་ཀྱི་ལས་ཀར་སྐུལ་མ་བཏང་།

རྒྱུས་ལོན་པ་ལྟར་ན། ལས་ཞུགས་དབུལ་སྐྱོར་གྱི་གདན་ཞུའི་ཚོགས་འདུ་དང2019ལོའི་དཔྱིད་ཀར་ཤེས་ལྡན་མི་སྣ་གདན་ཞུ་བྱེད་པའི་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱིས་ལས་གཉེར་དང་ལས་ཞུགས་བྱེད་པར་ལས་སྟེགས་བསྐྲུན་པ་དང་། ཆེད་ལས་གདན་ཞུའི་ཚོགས་འདུ་ཐེངས17འཚོགས་ནས་ཁུལ་ཕྱི་ནང་གི་ཁེ་ལས600ལྷག་གིས་ལས་གནས་ཁྲི2.9ལྷག་མཁོ་འདོན་བྱས་པས། ལས་ཀ་འཚོལ་མཁན་ཁྲི2ལྷག་ལས་ཞུགས་ཀྱི་བློ་འདྲི་བྱེད་པར་འོངས་པ་དང་མི9000ལྷག་གིས་ལས་འཚོལ་ཐོ་འགོད་བྱས་པ། མི1503གྱིས་ལས་ཞུགས་ཀྱི་མོས་མཐུན་བཀོད། རྫོང་ཁག(གྲོང་ཁྱེར)སོ་སོས་ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྱོར་གནང་བའི་རྫོང(གྲོང་ཁྱེར)བར་དང་འབྲེལ་མཐུད་བྱེད་ཤུགས་བསྣན་ནས། ངལ་རྩོལ་བ་དབུལ་བོ་ཀྲེ་ཅང་སོགས་ཤར་རྒྱུད་ས་ཁུལ་དུ་ལས་ཞུགས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་བཀོད་པས། མི2686རྫོང་ཕྱི་དང་ཞིང་ཆེན་ནང་དུ་ལས་ཞུགས་བྱས་པ་དང་མི་གྲངས་དབུལ་བོ344ཤར་རྒྱུད་ཀྱི་འབྲེལ་གཏུག་ས་ཁུལ་དུ་ལས་ཞུགས་བྱས། ཞིང་བའི་མཚན་མོའི་སློབ་གྲྭ་དང་ཞིང་ཁའི་སློབ་ཁང་གཉེར་ནས་ལག་རྩལ་སྦྱོང་བརྡར་བྱས། ཁུལ་ཡོངས་སུ་སྤྱི་ཕན་རང་བཞིན་གྱི་ལས་གནས3194གསར་གཏོད་བྱས་ནས་མི2308བཀོད་སྒྲིག་བྱས། ཁེ་ལས་དང་ཐོན་སྐྱེད་བདག་གཉེར་བདག་པོས་མང་ཚོགས་ལས་ཞུགས་བསྡུ་ལེན་བྱེད་པར་བསྔགས་སྐུལ་བྱས་པ་དང་ལས་ཞུགས་དབུལ་སྐྱོར་འཁོར་ཁང་བསྐྲུན་ནས། ཁུལ་ཡོངས་སུ་ལས་ཞུགས་དབུལ་སྐྱོར་འཁོར་ཁང120བསྐྲུན་པས། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་མི2364ལས་ཞུགས་ཐུབ་པ་བྱས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 4 4 阿坝日报藏文 c82641.html 1 རང་ཁུལ་གྱིས་ཁྱིམ་ཚང་དབུལ་བོའི་ལག་རྩལ་སྦྱོང་བརྡར་ དང་ལས་ཞུགས་ཀྱི་ལས་ཀར་སྐུལ་མ་བཏང་། /enpproperty-->