数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

མཐུན་པའི་ཨ་ལུང་སྦྲེལ་ནས།། མདུན་ སྐྱོད་གླུ་དབྱངས་ལེན་ནོ།།

འཛམ་ཐང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་མཐོང་ཐོས་རགས་བསྡུས།

ཛམ་ ་ལའི་ཡུལ་ལུང་དུ་འཚོ་ཞིང་གནས་པའི་མི་རིགས་ཁག་གི་མང་ཚོགས་རྣམས་ཕན་ཚུན་འཆམ་ཞིང་མཐུན་པའི་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ལ། ཁོ་ཚོས་རང་ཉིད་འཛམ་ཐང་དུ་སྐྱེས་པ་ནི་རང་གི་བསོད་ནམས་སུ་སྒོམ་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་རྫོང་དེའི་སློབ་གསོ་དང་རིག་གནས་རྒྱུད་འཛིན། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སོགས་ཀྱི་ཐད་ལ་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། 2018ལོར་འཛམ་ཐང་རྫོང་ནི་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་དུ་བདམས་པ་དང་རྫོང་དེས་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ24དང་དགོན་སྡེའི་དོ་དམ་ཨུ་ལྷན3སོགས་བཙུགས། དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ་ལ་མ་དངུལ་སྒོར་དུང་ཕྱུར1.56བཏང་ནས་དགོན་སྡེ37གྱི་རྨང་གཞི་སྒྲིག་བཀོད་ཇེ་ལེགས་སུ་བཏང་བ་དང་། ཚུལ་ལྡན་ཞི་མཐུན་གྱི་དགོན་སྡེ34བསྐྲུན།

རྡོ་ཆུའི་འགྲམ་དུ་ཀྲོང་ངེར་འགྱིང་བ་དེ་ནི་འཛམ་ཐང་རྫོང་བཅའ་སྡོད་སློབ་ཆུང་རེད། གསར་འགོད་པ་སློབ་གྲྭ་དེར་འབྱོར་མ་ཐག་བྱ་རྒོད་ཀྱི་བརྐོས་བརྙན་ཞིག་གིས་ཡིད་དབང་བཀུག་པ་དང་དེའི་འོག་ཏུ་སློབ་གྲོགས་ཚོས་བྲིས་པའི་མི་རིགས56གི་གཟུགས་རིས་ཡོད་ལ། དེས་མི་རིགས56ནི་ཁྱིམ་ཚང་གཅིག་ཡིན་པ་མཚོན་གྱི་ཡོད། སློབ་གྲྭ་དེའི་དགེ་རྒན་ཞིག་གིས་གསར་འགོད་པར་བྱ་རྒོད་དེས་སློབ་མ་མཚོན་པ་དང་། སློབ་གྲྭ་ནི་ཁོ་ཚོ་འདབ་ལག་རྒྱས་སའི་ཚང་ལྟ་བུ་ཡིན་པས་འདི་ནས་སློབ་མ་ཚོས་གནམ་འཕང་གཅོད་ངེས་ཡིན་ཞེས་བཤད།

སྡེ་བ་སོ་སོར་སློབ་གྲྭ་ཡོད་ཀྱང་སློབ་གྲྭར་འགྲོ་བའི་སློབ་མ་མེད་པ་ནི་འཛམ་ཐང་རྫོང་གི་དེ་སྔའི་སློབ་གསོའི་གནས་ཚུལ་ཞིག་ཡིན་མོད། དེང་སང་དེ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་འཛམ་ཐང་རྫོང་གི་འཛུགས་སྐྲུན་ཡག་ཤོས་ནི་སློབ་གྲྭ་ཡིན་པ་དང་། སློབ་གྲྭའི་ནང་དུ་དཔེ་ཀློག་གི་སྒྲ་དང་རྩེད་འཛོའི་དགོད་སྒྲས་ཁེངས་འདུག ངོ་སྤྲོད་བྱས་པ་ལྟར་ན། འཛམ་ཐང་རྫོང་བཅའ་སྡོད་སློབ་གྲྭ་ལ་སློབ་མ2663ཡོད་པ་དང་། ཕྱོགས་ཀུན་ནས་སློབ་མའི་ནུས་པ་འདོན་སྤེལ་བྱ་ཆེད་སློབ་གྲྭས་བོད་རྒྱའི་ཡིག་གཟུགས་དང་ཟློས་གར། གཞས་སོགས་སློབ་མ་རང་གི་མོས་པ་ལྟར་གདམ་ཆོག་པའི་འཛིན་གྲྭ་ཡང་བཙུགས་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་རིག་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས། འཛམ་ཐང་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁྲོམ་ར་རུ་རིག་གནས་ཀྱི་ཐོན་རྫས་ཧ་ཅང་མང་པོ་ཡོད་ལ། ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་རིག་གནས་དང་ལག་རྩལ་རྒྱུད་འཛིན་ལེགས་པོ་བྱ་ཆེད། འཛམ་ཐང་རྫོང་གིས་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་གི་རྟེན་གཞི་བཙུགས་དང་འཛུགས་བཞིན་ཡོད། མིག་སྔར་ཐང་ག་དང་བོད་ཀྱི་ཟློས་གར། རྡོ་བརྐོས་སོགས་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་གི་རྟེན་གཞི27བཙུགས་འདུག

རིག་གནས་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན་པས། རིག་གནས་སྔར་ལས་དར་རྒྱས་གོང་འཕེལ་ཡོང་ཆེད། འཛམ་ཐང་རྫོང་གིས་རིག་གནས་ཕྱིར་གཏོང་གི་ཐབས་ལམ་སྤྱད་དེ་སྔ་གཞུག་ཏུ་ཧྲང་ཧའེ་དང་ཧྲེན་ཀྲེན་དུ་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་གི་རྟེན་གཞི་བཙུགས་པ་དང་། དེ་བརྒྱུད་ནས་སི་ཁྲོན་གྱི་བོད་རིགས་ས་ཁུལ་དང་ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་གཉིས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བརྒྱབ་ཏེ་ཕན་ཚུན་ལ་རོགས་རམ་དང་ཚང་མ་ཡར་རྒྱས་འགྲོ་བའི་ལས་དོན་ལ་གཞོལ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་ལས་བྱེད་པ་དང་མང་ཚོགས་དབར་སྔར་བས་གློ་བ་ཉེ་བར་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་གྱུར་ཅིང་། མི་རིགས་ཁག་གི་དབར་སྤུན་ཟླའི་བརྩེ་དུང་ཟབ་མོ་ཆགས། ཛམ་ ་ལའི་ཡུལ་ལུང་དུ་མང་ཚོགས་ཁྲི4.7ལས་གྲུབ་པའི་ཁྱིམ་གཞིས་ཆེན་པོ་ཞིག་ཡོད་ལ། དེ་ཡི་གྲོང་གསེབ་དང་གྲོང་རྡལ། སྡེ་ཁུལ་དང་གྲོང་ཚོ་ཀུན་ཏུ་མི་རིགས་མཐུན་སྒྲིལ་གྱི་རོལ་དབྱངས་སྙན་མོས་ཁྱབ་ནས་ཡོད་དོ།།

(གསར་འགོད་པ་གྲགས་པ་བསྟན་འཛིན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 འཛམ་ཐང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་མཐོང་ཐོས་རགས་བསྡུས། 4 4 阿坝日报藏文 c82645.html 1 མཐུན་པའི་ཨ་ལུང་སྦྲེལ་ནས།། མདུན་ སྐྱོད་གླུ་དབྱངས་ལེན་ནོ།། /enpproperty-->