数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་གིས་དམའ་ འབྲིང་མཐར་ཕྱིན་མཛད་སྒོ་སྤེལ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་གིས་དྲིན་ཆེན་མ་ཡུམ་སློབ་གྲྭར་དྲིན་གྱི་ཕྱིར་མིག་དྲོངས། དམིགས་འདུན་གནམ་འཕང་བསྟོད་བཞིན་འོད་སྟོང་ལམ་དུ་སྐྱོད་ཅེས་པའི་དམའ་འབྲིང་མཐར་ཕྱིན་མཛད་སྒོ་སྤེལ། མཛད་སྒོར་སློབ་གྲྭའི་ལས་བཟོ་བ་དང་སློབ་མ་ཡོངས་ཞུགས་ཡོད།

ཟུང་ཆུ་རྫོང་བོད་ཡིག་སློབ་གྲྭའི་སློབ་གཙོ་ཁྲོ་འབུམ་གྱིས་མགོ་འཛིན་མཛད་སྒོར་གཏམ་བཤད་བྱེད་པ་དང་། མཐར་ཕྱིན་སློབ་གྲོགས་ཡོངས་ལ་རྒྱུགས་ལེན་སྐབས་སུ་མཉམ་འཇོག་བྱེད་དགོས་པའི་གནད་དོན་དང་། མཐར་ཕྱིན་རྗེས་ཀྱི་བདེ་འཇགས་སོགས་ཀྱི་ཐད་ནས་རེ་བ་ནན་མོར་བཏོན། དེ་མིན་མཛད་སྒོར་མཐར་ཕྱིན་སློབ་གྲོགས་ཚོས་མ་ཡུམ་སློབ་གྲྭའི་བཀའ་དྲིན་མཚོན་བྱེད་དུ་དར་དམར་ཆུང་ཆུང་གི་ལེགས་སྐྱེས་ཕུལ་བ་དང་། དགེ་རྒན་ལགས། སྐུ་ཚེ་རིང་། ཁྱེད་ཀྱི་ཁ་བཏགས་ལས་དཀར་བའི་ལྷག་བསམ་དང་། ནམ་མཁའ་ལས་ཡངས་པའི་བྱམས་བརྩེ། རྒྱ་མཚོ་ལས་ཟབ་པའི་ཐུགས་རྗེ།ཕ་མ་བཞིན་གཅེས་པའི་ཐུགས་སྐྱོང་བཅས་ནི་སློབ་བུ་ངའི་སེམས་གཏིང་ན་འཕྱོ་བའི་སྙིང་གཏམ་ཡིན་ལ་ཁྱེད་ཅག་ལ་བརྗོད་འདོད་པའི་ཞུ་མཆིད་ཡང་ཡིན་ལགས་ཞེས་སློབ་གྲོགས་རིན་ཆེན་སྒྲོལ་མ་དང་ཟླ་བ་ལྷ་མོ་སོགས་ཀྱིས་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད་སྤེལ།

མཛད་སྒོའི་རྗེས་སུ་མཐར་ཕྱིན་སློབ་གྲོགས་ཚོས་དགེ་བའི་བཤེས་གཉེན་ཡོངས་ལ་བཀའ་དྲིན་མཚོན་བྱེད་དུ་དྲི་མེད་ཀྱི་ལྷ་དར་དཀར་པོའི་ལེགས་སྐྱེས་ཕུལ་བ་རེད་དོ།། (འཕྲིན་སྤེལ་བ་ཁྲོ་མེད་འཚོ། གསར་འགོད་པ་མགོན་པོ་ཚེ་བརྟན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 4 4 阿坝日报藏文 c82654.html 1 ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་གིས་དམའ་ འབྲིང་མཐར་ཕྱིན་མཛད་སྒོ་སྤེལ། /enpproperty-->