数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

རང་ཁུལ་གྱིས་དཀའ་ངལ་ཡོད་པའི་བྱིས་ པར་རོགས་སྐྱོར་བྱེད་པའི་ཐབས་ལམ་ གསར་བ་འཚོལ་ཞིབ་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། གོམ་གང་མདུན་སྤོས་སྒོས་དཀའ་ངལ་ཡོད་པའི་བྱིས་པ་འཚར་ལོངས་འབྱུང་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཕྱོགས་ཡོངས་དང་དུས་ཐོག་ནུས་ལྡན་བཅས་ཀྱི་སྒོ་ནས་དཀའ་ངལ་ཡོད་པའི་བྱིས་པའི་བདེ་འཇགས་དང་བདེ་ཐང་། སློབ་གསོ་སོགས་ཀྱི་ཁེ་དབང་འགན་ལེན་བྱེད་ཆེད། ཉེ་ཆར། རང་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པའི་གནས་ཚུལ་ལ་བརྟག་ཞིབ་དང་། ཧུར་ཐག་གིས་དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོར་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས།

མིག་སྔར། ཁུལ་ཡོངས་སུ་དཀའ་ངལ་ཡོད་པའི་བྱིས་པ་ཁྲི1.4ལྷག་ཡོད་པ་དང་། ནད་གཞི་ལྕི་མོ་ཕོག་པ་དང་དབང་སྐྱོན་ཚབས་ཆེན་ཅན་གྱི་བྱིས་པ638། དམིགས་བསལ་ཅན་གྱི་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱིས་པ162དང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་ཡོད་པའི་དུད་ཚང་དབུལ་བོ་དང་མ་མཐའི་འཚོ་རྟེན་འགན་ལེན་ཁྱིམ་ཚང་གི་བྱིས་པ9709ཡོད་པ་དང་། དོན་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ1350ཡོད། རང་ཁུལ་ཀྱིས་བྱིས་པ་གཅེས་སྐྱོང་དང་སྲུང་སྐྱོང་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་ཧུར་ཐག་གིས་བཙུགས་ཤིང་། ཡུལ་ཚོ་དང་གྲོང་རྡལ་དུ་བྱིས་པའི་ཕན་བདེའི་ལྟ་སྐུལ་མཛུབ་ཁྲིད་པ་བཀོད་སྒྲིག་བྱས། 《གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་ལས་ཀའི་ལག་བསྟར་ཇུས་གཞི》དང《དཀའ་ངལ་ཡོད་པའི་བྱིས་པར་འགན་སྲུང་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་པའི་ལག་བསྟར་ཇུས་གཞི》སོགས་ཀྱི་སྲིད་ཇུས་བཏོན།

སྤྱི་ཚོགས་རྩ་འཛུགས་དང་གཅེས་སེམས་ཁེ་ལས་ཀྱིས་དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོར་བྱེད་པར་སྐུལ་འདེད་དང་། ཀྲུང་གོའིSOSབྱིས་པ་མཐུན་ཚོགས་དང་སྦྲེལ་མཐུན་བྱས་ནས་གླིང་གསུམ་དང་ཁུལ་གསུམ་གྱི་དཀའ་ངལ་ཡོད་པའི་བྱིས་པའི་དབུལ་སྐྱོར་རོགས་སྐྱོར་རྣམ་གྲངས་ནང་འདྲེན་བྱས་ཏེ། མི་རིགས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པར་རོགས་རམ་དང་། གསོ་ཚགས། སློབ་གསོ་བཅས་ཀྱི་རྣམ་པ་གསར་བར་བཏོན།

གྲོང་གསེབ་ཀྱི་གཞིས་སྲུང་དང་དཀའ་ངལ་ཡོད་པའི་བྱིས་པའི་ཁྱིམ་ཚང་ཁྲོད་མ་མཐའི་འཚོ་རྟེན་འགན་ལེན་གྱི་ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་། གྲོང་མིའི་མ་མཐའི་འཚོ་རྟེན་འགན་ལེན་ནང་འཇུག་པ། ཁུལ་དང་རྫོང་། གྲོང་ཁྱེར་སྲིད་གཞུང་གིས་ལོ་ལྟར་མ་དངུལ་སྒོར་ཁྲི300ལས་མི་ཉུང་བའི་གནས་སྐབས་རོགས་སྐྱོར་བྱེད་པ་དང་། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་དང་ཁྱིམ་ཚང་གི་ཁོངས་མིར་ན་ཚ་ཆེ་རིགས་ལ་རོགས་སྐྱོར་བྱས། ཉེ་བའི་ལོ་གསུམ་རིང་བྱིས་པའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི34བསྒྲུབས་པ་དང་། བྱིས་པའི་བློ་འདྲི་མི་ཐེངས253དང་ལེན་བྱས་པ་དང་། བཅའ་ཁྲིམས་རོགས་སྐྱོར་མི་ཐེངས287མཁོ་འདོན་བྱས་ཡོད་དོ།།

(འོད་གསལ་མཚོས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 4 4 阿坝日报藏文 c82655.html 1 རང་ཁུལ་གྱིས་དཀའ་ངལ་ཡོད་པའི་བྱིས་ པར་རོགས་སྐྱོར་བྱེད་པའི་ཐབས་ལམ་ གསར་བ་འཚོལ་ཞིབ་བྱས། /enpproperty-->