数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

སྒྱུ་མའི་ཨ་ཀྲད་སྐྱོར་བའི་དོ་ཧ།

སྣང་ཞེན་ཐག་བརྒྱ་བྲེ་བའི་རྨི་ལམ་གྱི་རྟིང་མ།།

འདོད་ཁམས་བརྩེ་བ་མེད་པའི་རང་ཤུག་གི་སྤྱིལ་བུ།།

མཐའ་མེད་མྱ་ངམ་ཐང་གི་ཏིང་འཛིན་གྱི་སྒོམ་པ།།

ཆགས་ཞེན་གདོང་བ་བསུ་བའི་དབྱངས་རྟ་ལ་བྲེལ་སོང་།།

སྐྱོ་ཤས་མིག་གི་ཆུ་རིས་འཁྲལ་འཁྲུལ་གྱི་ཕུང་བོ།།

སྒྱུ་མའི་སྙིང་བོ་བརྐུ་བའི་བསྡུས་གཟུགས་ལ་ཕྱོགས་དུས།།

ངེས་མེད་འཁོར་བའི་གྲོང་གི་ཁེར་རྐྱང་གི་སྣང་བ།།

སེམས་འདི་གཏད་སོ་མེད་པ་སྲོད་དུས་ཀྱི་ཕྱིར་མིག།

ལས་ཉོན་ཉིན་སྲིབ་བརྒལ་བའི་ངལ་དུབ་ཀྱི་ཨ་ཀྲད།།

འདོད་ཞེན་ཆུ་ཁར་གཡེང་བའི་འཛིན་མེད་ཀྱི་གཟུགས་རིས།།

སྲིད་པའི་སྒལ་བར་དཔྱངས་བའི་དོན་མེད་ཀྱི་རྨི་ལམ།།

བྱེ་མའི་རི་ལ་བྲིས་པའི་མེ་ཏོག་གི་ཕུང་བོ།།

སུན་སྣང་རི་ལ་བསྙེས་པའི་དོན་མེད་ཀྱི་ཉིན་ཞག།

སྟོང་བསམ་ལག་ཟུང་བཟེད་པའི་བར་སྐལ་ལས་ཤོར་སོང་།།

སྐད་ཅིག་སྙིང་བོ་འཚོལ་བའི་དེ་རིང་གི་ནམ་ཟླ།།

སྨུག་པའི་གཙང་བོ་བརྒལ་བའི་ལས་དབང་འདིས་ཐལ་སོང་།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-08-16 ♦སྲོད་རླུང་། 【དཀར་མཛེས།】 4 4 阿坝日报藏文 c88095.html 1 སྒྱུ་མའི་ཨ་ཀྲད་སྐྱོར་བའི་དོ་ཧ། /enpproperty-->