数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

དགུན་ཁ།

རི་དང་ནགས་ཀྱི་ཁ་དོག་སྐྱ་བོར་གྱུར།།

ཆུ་དང་གཙང་བོའི་རབ་ཁ་དར་གྱིས་གཡོག།

བྱ་དང་བྱིའུའི་འགྲེ་འགྱུར་ཙག་གིས་བསྡམས།།

དགུན་ཁའི་གཤིས་འདི་མཐོང་ན་ཡིད་རེ་མུག།

ལ་དང་ལུང་བར་གྲང་ངར་ཤུར་ཤུར་ལྡང་།།

བྱ་དང་རི་དྭགས་བཀྲེས་ཤིང་ཙག་གིས་གདུང་།།

གང་དང་གང་ལ་བསྐྱོད་པར་དཀའ་བ་ཆེ།།

དགུན་ཁའི་གཤིས་འདི་མཐོང་ན་ཡིད་རེ་མུག།

ཐལ་དང་རྡུལ་གྱིས་གནམ་ས་འཁྲུགས་ཙམ་བྱས།།

གྲོང་དང་གྲོང་ཁྱེར་ཐལ་རྡུལ་ཡོམ་ཡོམ་གཡོ།།

མཛེས་ཉམས་གསོན་མདངས་མེད་པའི་མི་ཚོགས་ཤིག།

དགུན་ཁའི་གཤིས་འདི་མཐོང་ན་ཡིད་རེ་མུག།

ཆུང་ཆུང་བྱིས་པའི་ངོ་གདོང་ཙག་གིས་བྱིད།།

ལོ་ལོན་རྒན་པོའི་རྐང་ལག་ཙག་གིས་བྱིད།།

གཞོན་པའི་སྣང་བ་སྤྲོ་པོ་ཙག་གིས་ཁེངས།།

དགུན་ཁའི་གཤིས་འདི་མཐོང་ན་ཡིད་རེ་མུག།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-08-16 ♦མེ་ཟོར། 【གསེར་རྟ།】 4 4 阿坝日报藏文 c88098.html 1 དགུན་ཁ། /enpproperty-->