数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་ཀའི་ཚོགས་འདུ་འཚོགས་པ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་11ཚེས་29ཉིན། ཁུལ་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་ཀའི་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁོང་གིས་གསུང་དོན། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སེམས་ཐག་གཙང་བཅད་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་འཐབ་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་བཀོད་སྒྲིག་ལག་ལེན་དུ་བསྟར་བ་དང་། ཏང་གཤིས་རྩ་དོན་རྒྱུན་འཁྱོངས་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་བསྣན་པ་བརྒྱུད། ཏང་གི་བློ་ལ་འབབ་པ་དང་དུས་རབས་ཀྱི་སློབ་གླིང་རྩེ་གྲས་ཤིག་བསྐྲུན་དགོས་པ་དང་། མཉམ་ཤུགས་ཀྱིས་ལས་ཀ་སྣ་ཚོགས་ལ་སྐུལ་འདེད་གཏོང་བའི་རྣམ་པ་གཏོད་པ་དང་རྔ་བ་ཁུལ་གྱི་ལས་སྐྲུན་ཐེངས་གསུམ་པའི་མཐོ་རླབས་བསླངས་ནས། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་སྐྲུན་རིམ་ཇེ་མགྱོགས་སུ་གཏོང་བར་བྱས་རྗེས་འབུལ་དགོས།

ཚོགས་འདུར་བཙན་ལྷ་དང་མཛོད་དགེ། ཝུན་ཁྲོན། ཁྲོ་ཆུ་སོགས་རྫོང་ཁག་གིས་བསམ་ཚུལ་བརྗེ་རེས་བྱ་བའི་སྐད་ཆ་བཤད། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀའོ་ལི་ཞིན་གྱིས་ཚོགས་འདུའི་གཙོ་འགན་ཁུར།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 4 4 阿坝日报藏文 c97430.html 1 ཁུལ་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་ཀའི་ཚོགས་འདུ་འཚོགས་པ། /enpproperty-->