数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

གློ་ བུར་ བའི་ དྲན་ པ།

སེམས་ཅན་རྒྱུ་བའི་ཡུལ་ཕྱོགས་འདི་གར་ཁྱོད་ཀྱང་ཡོང་ལ་ངའང་ཐོན།།

ཟག་བཅས་ཕུང་པོར་ན་ཚ་མོད་པས་རླུང་ཁའི་མར་མེ་ཚེ་འབར་འདྲ།།

མི་རྟག་པ་ཡིས་རང་གཟུགས་མངོན་དུས་དབུགས་ལྡན་གང་ལ་རང་དབང་མེད།།

དེའི་ཕྱིར་བསམ་པ་ཆོས་དང་བསྟུན་ནས་ཆོས་པའི་མིང་ཞིག་ལེན་པར་ཞོགས།།

ལས་ངན་མི་ལ་ལན་པ་མང་བས་གང་བྱས་མཐའ་དག་མི་དགེའི་ལས།།

དྲན་ཚོར་མྱུར་ལ་སྲེད་པ་ཆེ་བས་འདོད་པའི་ཡོ་ལང་འཆང་བར་དགའ།།

གཤིན་རྗེ་རྒྱལ་པོའི་བཀའ་ཤོག་ཐོན་དུས་སུ་དང་གང་གིས་བཟློག་པར་དཀའ།།

དེས་ན་ཚེ་འདིའི་དོན་སྙིང་བསྒྲུབ་ལ་རང་རྒྱུད་སྙིང་རྗེའི་ཞིང་དུ་ཁོད།།

ཉོན་མོངས་དུག་གི་མཚོ་མོ་འཁྱིལ་བ་གྲིབ་མས་གཡོགས་པའི་འཇིག་རྟེན་ཉིད།།

རྣམ་རྟོག་རླབས་ཀྱི་རི་མོ་འབྲི་ས་སོ་སྐྱེས་དག་གི་སྒང་གཞུང་རེད།།

དཀའ་སྤྱད་ལས་ཀྱི་གོ་ཁྲབ་གྱོན་ན་དམར་པོའི་མེ་ལ་སྐྲག་དོན་མེད།།

དགེ་སྦྱོང་བཙུན་པའི་རེ་འདུན་བཟུང་ནས་ཞི་བའི་སྙིང་བོ་འཚོལ་བར་རྒྱུགས།།

གདོད་མའི་ཡེ་ཤེས་འོད་ཀྱི་ཕུང་བོ་མ་རིག་སེམས་ཅན་འཁྲུལ་བའི་ལན།།

ཟབ་པའི་དོན་གྱི་བདེན་པ་ཉིད་གཅིག་དམན་པའི་འགྲོ་བའི་ཡུལ་ལས་འདས།།

ལས་ཀྱིས་སྨིན་པའི་བདེ་སྡུག་གང་ཡིན་འབྲས་བུ་འབྱུང་བའི་ལས་ལ་འབད།།

སྡུག་པའི་རྒྱུ་ཡི་རྩ་ནས་གཅོད་པའི་བདེན་འཚོལ་ཞིག་གི་ལམ་དུ་སྙེག།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 ♦སྦྲ་སྨྱུག་ཐོགས། 【རྔ་བ།】 4 4 阿坝日报藏文 c97438.html 1 གློ་ བུར་ བའི་ དྲན་ པ། /enpproperty-->