数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

སྙན་ངག་ཚན་པ་ གཉིས།

གཉིད་ལས་སད་རྗེས།

ངའི་སྙིང་ཉེ་བའི་ཁྱོད་རང་དྲན།

ཁྱོད་ཀྱི་བྱད་བཞིན་དང་སྒེག་ཉམས།

ཟུར་མིག་དང་མཆུ་སྒྲོས།

གཡོ་ལྡན་བུང་བ་ཡི་ཐིག་ལེ་བཞིན།

རྒྱ་སེ་མེ་ཏོག་གི་འདབ་མ་བཞིན།

ལང་ཚོ་ཡི་གཤོག་ཟུང་བརྐྱངས་ཏེ།

སླར་ཡང་ང་ཡི་དྲན་འཛིན་གྱི་ནམ་མཁར་འཕུར་ཡོང་།

ང་ཡི་སེམས་རྟེན། སྙན་ངག སྙན་ངག

སྟོན་མཇུག་གི་འཇག་གླུ།

སྟོན་མཇུག་ལ།

སྡོང་མགོ་ཡི་ལོ་མ་དག

སྔར་ཡང་ཧྲལ་ཧྲུལ་གྱིས་འཐོར་མགོ་བརྩམས།

ངས་མེ་ལོང་ནང་གི་རང་ཉིད་ལ་ཡང་ནས་བསྐྱར་དུ་བལྟས།

རིད་ཅིང་སྐམ་པའི་ངོ་གདོང་དང་།

བརླན་ལ་སྙི་བའི་མིག་ཟུང་ལ་བལྟས།

ཅི་ཡང་མི་འདུག ཅི་ཡང་མི་འདུག

ཐ་ན་རང་ཉིད་མཚོན་བྱེད་ཀྱི་ཤ་ཀོ་འདི་ཡང་།

སྙིང་པོས་སྟོང་བའི་བེམ་པོ་ཙམ་མོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 ♦འོ་སེ། 【རྔ་བ།】 4 4 阿坝日报藏文 c97439.html 1 སྙན་ངག་ཚན་པ་ གཉིས། /enpproperty-->