数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་བྱེད་སྒོ་སྤེལ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་12ཚེས་4ཉིན་གྱི་སྔ་དྲོར། རང་ཁུལ་གྱི་འབར་ཁམས་གྲོང་ཁྱེར་དུ། རྩ་ཁྲིམས་དགོངས་དོན་དར་རྒྱས་དང་། རྒྱལ་ཁབ་བདག་སྐྱོང་གི་མ་ལག་དང་བྱེད་ནུས་དེང་རབས་ཅན་དུ་བསྐུལ་ཞེས་པའི་བརྗོད་གཙོ་སྟེ། 12.4ཉིན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་རྩ་ཁྲིམས་དྲིལ་སྒྲོག་གི་བྱེད་སྒོ་སྤེལ།

ཐེངས་འདིའི་བྱེད་སྒོར། ཁུལ་དྲིལ་སྒྲོག་པུའུ་དང་ཁུལ་སྲིད་ཁྲིམས་ཨུ། ཁུལ་དམངས་འཐུས་ཨུ་ལྷན་གྱི་གཞུང་ལས་ཁང་། ཁུལ་ཁྲིམས་ལྟར་སྐྱོང་བའི་གཞུང་ལས་ཁང་། ཁུལ་སློབ་གསོ་ཅུས། ཁུལ་ཁྲིམས་འཛིན་ཅུས་སོགས་ཁུལ་རིམ་པའི་སྡེ་ཁག་33ཞུགས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་མི་རིགས་ཀྱི་རིག་གནས་ཏེ། རྣམ་བཅུ་དབང་ལྡན་བརྗོད་བྱར་བཟུང་ནས་བོད་རྒྱ་ཤན་སྦྱར་གྱི་ལི་ཐོ་2000དང་གྱང་སོགས་སུ་བཀབ་པའི་ལི་ཐོ་1350ལྷག་བགོས་པར་མ་ཟད། བོད་རྒྱ་ཤན་སྦྱར་གྱི《རྩ་ཁྲིམས》དཔེ་ཆ་1000ལྷག་བགོས་པས། ཕྱོགས་ཡོངས་ནས་རྩ་ཁྲིམས་གོང་དུ་བཀུར་བ་དང་། རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་མིག་འབྲས་ལྟར་སྲུང་བ་བཅས་ཀྱི་རྣམ་པ་བཟང་བོ་ཞིག་ངང་ངམ་ཤུགས་ཀྱིས་གྲུབ་བོ།། (གསར་འགོད་པ་མགོན་པོ་བཀྲ་ཤིས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 4 4 阿坝日报藏文 c97443.html 1 རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་བྱེད་སྒོ་སྤེལ། /enpproperty-->