数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཕྲུ་གུའི་སྐྱེས་སྐར་གསལ་ བོ་མ་ཤེས་ཚེ།གང་ཞིག་གཞིར་གཟུང་དགོས།

【གྱོད་དཔེ།】

མཚོ་མོ་སྐྱེས་ནས་ལོ་གཅིག་ཕྱིན་པའི་སྐྱེས་སྐར་ཉིན་མོར། ཨ་མས་རང་གི་ཤ་ལས་མཆེད་པའི་བུ་མོའི་སྐྱེས་སྐར་ནམ་ཡིན་ཆ་མ་འཚལ། སྨན་ཁང་གི་སྐྱེས་སྐར་དཔང་ཡིག་ཏུ་ཟླ་6ཚེས་5ཉིན་ཡིན་པ་དང་། ཁྱིམ་ཐོའི་ངོས་སུ་ཟླ་6ཚེས་4ཉིན་ཡིན། དེ་ལྟར་མཚོ་མོའི་སྐྱེས་སྐར་གསལ་བོ་མ་ཤེས་ཚེ། གང་ཞིག་གཞིར་གཟུང་དགོས།

【བཅའ་ཁྲིམས་དབྱེ་ཞིབ།】

མཚོ་མོའི་སྐྱེས་སྐར་ཁྱིམ་ཐོའི་ངོས་ཀྱི་ཚེས་གྲངས་གཞིར་གཟུང་དགོས། རང་རྒྱལ་གྱི་འབྲེལ་ཡོད་རྩ་ཁྲིམས་ལྟར་ན། སྤྱི་དམངས་ཀྱི་དམངས་དོན་ཐོབ་ཐང་གི་བྱེད་ནུས་སྐྱེས་པའི་ཉིན་ནས་བཟུང་མགོ་བརྩམས་པ་བཀས་བཅད་ཡོད། སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་གཞིར་གཟུང་དགོས། ཁྱིམ་ཐོ་དཔང་ཡིག་མེད་ན་སྨན་ཁང་གི་སྐྱེས་སྐར་དཔང་ཡིག་གཞིར་གཟུང་དགོས། སྨན་ཁང་གི་སྐྱེས་སྐར་དཔང་ཡིག་མེད་ཚེ་འབྲེལ་ཡོད་ཀྱི་དཔང་ཡིག་གཞན་པ་གཞིར་གཟུང་དགོས། དེ་ལྟ་བས་ན། ཕྲུ་གུའི་སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་རྩ་བར་གཟུང་དགོས། གོང་གི་གྱོད་དཔེ་ལས་ཁྱིམ་ཐོ་དཔང་ཡིག་ཏུ་མཚོ་མོའི་སྐྱེས་སྐར་ཟླ་6ཚེས་4ཉིན་ཡིན་པས། དེ་ནི་མཚོ་མོའི་སྐྱེས་སྐར་ཉིན་མོ་ཡིན།

【བཅའ་ཁྲིམས་ཀྱི་ཤེས་བྱ།】

《དམངས་ཁྲིམས་ཀུན་ཁྱབ་ཀྱི་བསམ་འཆར》ལེའུ་དང་བོར། སྤྱི་དམངས་ཀྱི་དམངས་དོན་ཐོབ་ཐང་གི་བྱེད་ནུས་སྐྱེས་པའི་ཉིན་ནས་བཟུང་མགོ་བརྩམས་པ་བཀས་བཅད་ཡོད། སྐྱེས་སྐར་གྱི་ཚེས་གྲངས་ཁྱིམ་ཐོ་དཔང་ཡིག་གཞིར་གཟུང་དགོས། ཁྱིམ་ཐོ་དཔང་ཡིག་མེད་ན་སྨན་ཁང་གི་སྐྱེས་སྐར་དཔང་ཡིག་གཞིར་གཟུང་དགོས། སྨན་ཁང་གི་སྐྱེས་སྐར་དཔང་ཡིག་མེད་ཚེ་འབྲེལ་ཡོད་ཀྱི་དཔང་ཡིག་གཞན་པ་གཞིར་གཟུང་དགོས།

(མགོན་པོ་བཀྲ་ཤིས་ཀྱིས་བསྒྱུར་སྒྲིག་བྱས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 4 4 阿坝日报藏文 c97444.html 1 ཕྲུ་གུའི་སྐྱེས་སྐར་གསལ་ བོ་མ་ཤེས་ཚེ།གང་ཞིག་གཞིར་གཟུང་དགོས། /enpproperty-->