数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཆུ་ཆེན་རྫོང་གིས་བཅའ་ཁྲིམས་ཤེས་བྱ་སློབ་གྲྭར་བསྒྲགས།

ངེད་གསར་འགྱུར་གྱི་གསར་བཀོད། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་གི་བསམ་བློ་སྐྱེད་སྲིང་བྱེད་ཆེད། ཉེ་ཆར། ཆུ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས་སི་ཁྲོན་གྱི་སེམས་མཐུན་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་དང་ཏུང་ཧྥང་ཧུང་སློབ་ཆུང་གཉིས་ཀྱིས་མཉམ་དུ་བཅའ་ཁྲིམས་ཤེས་བྱའི་ཆེད་དོན་འཆད་ཁྲིད་སྤེལ།

སི་ཁྲོན་ཆིང་ཀྲེང་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཝན་ཡུང་དང་སི་ཁྲོན་ཞན་ཅི་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཝང་ཅང་ཐའོ་ཡིས་སློབ་གྲྭའི་བརྙས་བཅོས་དང་ནར་མ་སོན་པའི་བྱིས་པའི་ཐོབ་ཐང་སྲུང་སྐྱོང་སོགས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བའི་གནད་དོན་ལ་དམིགས་ནས་ཏང་ཧྥང་ཧུང་སློབ་གྲྭའི་དགེ་སློབ་200ལྷག་ལ་ངོ་མཚར་ཆེ་བའི་ཁྲིམས་སྐྱོང་སློབ་ཁྲིད་བྱས། སློབ་ཁྲིད་དུ་ཁྲིམས་རྩོད་པ་ཝན་ཡུང་གིས་སློབ་གྲོགས་ཚོ་དང་བསམ་བློ་བརྗེ་རེས་བྱས་ནས་སློབ་མ་ཚོར་གསོན་ཉམས་ལྡན་པའི་གྱོད་དཔེ་རེ་རེ་བཞིན་ཁྲིད་པ་དང་། ཇི་ལྟར་སློབ་གྲྭ་ཕྱི་ནང་གི་གཏུམ་སྤྱོད་སྔོན་འགོག་དང་དུག་རྫས་དོར་བ་སོགས་ཀྱི་ཁྲིམས་སྐྱོང་བདེ་འཇགས་ཤེས་བྱ་བསླབས་པ། ཁྲིམས་རྩོད་པ་ཝང་ཅང་ཐའོ་ཡིས《ནར་མ་སོན་པའི་བྱིས་པ་སྲུང་སྐྱོང་གི་བཅའ་ཁྲིམས》དང་འབྲེལ་ནས་ཁྱིམ་ཚང་གི་སྲུང་སྐྱོང་དང་སློབ་གྲྭའི་སྲུང་སྐྱོང་། སྤྱི་ཚོགས་ཀྱི་སྲུང་སྐྱོང་བཅས་ཕྱོགས་གསུམ་གྱི་ཐད་ནས་སློབ་མར་བཅའ་ཁྲིམས་བརྩི་སྲུང་དང་། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཆུང་དུས་ནས《རྩ་ཁྲིམས》ཀྱི་འདུ་ཤེས་ཆགས་པར་བྱས་ཏེ་བཅའ་ཁྲིམས་ལས་རང་ཉིད་ཀྱི་ཁྲིམས་མཐུན་ཐོབ་ཐང་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བྱས་སོ།།

(གསར་འགོད་པ་འོད་གསལ་མཚོ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 4 4 阿坝日报藏文 c97446.html 1 ཆུ་ཆེན་རྫོང་གིས་བཅའ་ཁྲིམས་ཤེས་བྱ་སློབ་གྲྭར་བསྒྲགས། /enpproperty-->