数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

མཛོད་དགེ་རྫོང་གིས་རྩྭ་ཐང་གི་ཨ་མ་གཅེས་སྐྱོང་བྱེད་ཅེས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། མཛོད་དགེ་རྫོང་གིས་གཉེན་ཉེའི་བརྩེ་སེམས་ཀྱིས་རྩྭ་ཐང་གི་ཨ་མར་གཅེས་སྐྱོང་བྱེད་ཅེས་པ་དང་ཨ་མའི་སློབ་ཁང་ཞེས་པའི་སྒྲོག་འགྲེལ་བྱེད་སྒོ་དེ་དུས་ཡུན་ཉིན་9ཡི་རིང་ལ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་17དུ་སྤེལ་བ་རེད།

བྱེད་སྒོའི་ལས་གཙོ་བོར་དུས་བབ་གསར་བ་དང་བུད་མེད་གསར་བས་འགན་འཁྲི་ཇི་ལྟར་འཁུར་བ་དང་། ཁྱིམ་ཚང་གི་སྤྱོད་བཟང་། སྒེར་གྱི་ཀུན་སྤྱོད། ཁྱིམ་སྲོལ་བཟང་བོ་སོགས་ཀྱི་བསམ་བློའི་སློབ་གསོ་དང་འབྲེལ་ཡོད་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། བུད་མེད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི《གཉེན་སྒྲིག་བཅའ་ཁྲིམས》དང《བུད་མེད་ཀྱི་ཐོབ་ཐང་བཅའ་ཁྲིམས》《ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་པར་མ་ཟད། དུག་འགོག་དང་བུད་མེད་ཀྱི་ནད་རིགས་འགོག་བཅོས་ཀྱི་རྒྱུན་ཤེས། སྐྲན་ནད། ཐུམ་འབུའི་ནད་སོགས་རིམས་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་དུ་བཏང་།

བྱེད་སྒོར་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་དཔྱད་གཞི་2000ལྷག་སྤྲད་པ་དང་། མང་ཚོགས་3000ལྷག་ལ་སློབ་གསོ་ཐེབས་ཡོད་ལ། ད་དུང་འདག་རྫས་དང་ལག་ཕྱིས། འདག་ཕྱེ་སོགས་སྤྲད་དོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 4 4 阿坝日报藏文 c97445.html 1 མཛོད་དགེ་རྫོང་གིས་རྩྭ་ཐང་གི་ཨ་མ་གཅེས་སྐྱོང་བྱེད་ཅེས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ། /enpproperty-->