数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས།

ལིའུ་ཕིང་དང་ལིའུ་ཁྲང་ཙེ་རྣམ་གཉིས་ཀྱིས་གསུང་བཤད་གནང་། ཀུའུ་ཡུན་ལུང་དང་ཉི་མ་འབུམ། ཝུའུ་ལི་ཡན་སོགས་ཚོགས་འདུར་ཕེབས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་1པོའི་ཚེས་13ཉིན། ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་ཀྱང་གནང་། ཁོང་གིས་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོའི་ཕྱོགས་བསྡོམས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བརྗོད་གཙོ་སློབ་གསོའི་གྲུབ་འབྲས་ཕྱོགས་སྡོམ་དང་སྲ་བརྟན། བེད་སྤྱོད་བཅས་ཡག་པོ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་ནན་སྲུང་དང་འགན་འཁྲི་ཡག་པོར་འཁུར་རྒྱུར་སྐུལ་འདེད་ཡག་པོ་གཏོང་བ་དང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱེད་པར་དྲང་ནུས་ཀྱི་ནུས་པ་འདོན་དགོས།

ཞིང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པའི་ཚན་གཙོ་གཞོན་པ་ལིའུ་ཁྲང་ཙེ་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་ཀྱང་གནང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་སོགས་ཚོགས་འདུར་ཕེབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་གྱིས་ཚོགས་འདུའི་གཙོ་འགན་ཁུར།

ལིའུ་ཕིང་གིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ལག་ཏུ་བསྟར་བར་བློ་བརྟན་འགྱུར་མེད་ཀྱིས་དུས་རབས་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚད་གཞི་ལྟར་བྱ་སྤྱོད་གཙོ་བོར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་དང་ལྷག་པར་དུ་རང་ཁུལ་དུ་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བཀོད་སྒྲིག་དང་བླང་བྱར་དམ་པོར་དམིགས་པ།འཐབ་ཇུས་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། རང་རྟོགས་ཀྱིས་སྤྱི་ཡོངས་ལ་དམིགས་ཏེ་གནད་དོན་ལ་བསམ་གཞིག་དང་ལས་དོན་ཡག་པོ་སྒྲུབ་དགོས། དཀའ་གནད་བསལ་ནས་གསར་སྐྲུན་གྱི་རྣམ་པ་གསར་བ་གཏོད་དགོས། འཕེལ་རྒྱས་ཀྱི་ཐད་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། དམངས་འཚོའི་ཐད་དུ་མི་དམངས་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བོ་ལོངས་སྤྱོད་བྱེད་དུ་འཇུག་པར་འབད་བརྩོན་བྱ་དགོས་པ། བརྟན་བརླིང་གི་ཐད་དུ་ཁ་བྲལ་ལ་ངོ་རྒོལ་བྱས་ནས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཀྱི་རང་དབང་ཁོང་དུ་དམ་པོར་ཆུད་དགོས། འཇོན་ཐང་ཆེ་རུ་བཏང་ནས་འགན་འཁྲི་སྒྲུབ་དགོས། སློབ་སྦྱོང་བྱེད་པ་དེ་འཇོན་ཐང་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ལག་ལེན་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་ཡག་པོ་ཁུར་བ་བཅས་ཀྱི་བློ་སྟོབས་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རང་འགུལ་གྱིས་ཆ་རྐྱེན་ཞན་ས་དང་དཀའ་ངལ་ཆེ་ས། འགལ་ཟླ་མང་ས་སོགས་སུ་སོང་ནས་རང་གི་ནུས་པ་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་བློ་སྟོབས་ཆེ་རུ་གཏོང་དགོས། མིག་དཔེ་དང་དཔེ་སྟོན་གྱིས་ཚད་ཤིང་འཛུགས་དགོས། རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སྲུང་སྐྱོང་བྱེད་པའི་ཚད་ཤིང་དང་། རང་རྟོགས་ཀྱིས་ཐོག་མའི་བསམ་འདུན་དང་དད་སེམས་བརྟན་པོ་ཡོད་པའི་ཚད་ཤིང་ལ་བརྩོན་པ་བྱས་ཏེ། ཁུལ་བརྟན་ཁུལ་དར་གྱི་བྱ་གཞག་གི་ལེའུ་གསར་འབྲི་བར་བརྩོན་དགོས།

ཚོགས་འདུར། གཟི་རྩ་སྡེ་དགུ་རྫོང་དང་ཧུང་ཡོན་རྫོང་། ཝུན་ཁྲོན་རྫོང་། ཁུལ་དབུལ་སྐྱོར་གསར་གཏོད་ཅུས། ཁུལ་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་། ཁུལ་གློག་ཤུགས་ཀུང་སི་སོགས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས་པ་རེད། རྫོང་དང་གྲོང་ཁྱེར་སོ་སོར་ཡན་ལག་ཚོགས་ར་བཙུགས་པ་དང་། ཞིང་ཨུའི་སྐོར་ཞིབ་ཚན་ཆུང་བདུན་པའི་འབྲེལ་ཡོད་མི་སྣ་འཚོགས་རར་ཕེབས་ནས་མཛུབ་སྟོན་གནང་།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-21 ལིའུ་ཕིང་དང་ལིའུ་ཁྲང་ཙེ་རྣམ་གཉིས་ཀྱིས་གསུང་བཤད་གནང་། ཀུའུ་ཡུན་ལུང་དང་ཉི་མ་འབུམ། ཝུའུ་ལི་ཡན་སོགས་ཚོགས་འདུར་ཕེབས། 4 4 阿坝日报藏文 c99089.html 1 ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་ཞེས་པའི་བརྗོད་གཙོ་སློབ་གསོའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས། /enpproperty-->