数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

གཟི་རྩ་སྡེ་དགུ་རྫོང་གིས་དབུལ་སྒྲོལ་གྱི་ གོམ་སྟབས་ཇེ་མགྱོགས་སུ་བཏང་།

ངེད་གསར་འགྱུར་གྱི་གསར་བཀོད། ན་ནིང་། གཟི་རྩ་སྡེ་དགུ་རྫོང་གིས་ཁྱད་ལྡན་གྱི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། གཟི་རྩ་སྡེ་དགུ་རྫོང་གིས་ཁྱད་ལྡན་ཐོན་ལས་ཀྱི་མ་ལག་བསྐྲུན་པ་དང་། མང་ཚོགས་ཀྱི་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་ཁྲི་2267བསྡུས་ཏེ། འདེབས་འཛུགས་གསོ་ཚགས་ལས་རིགས་དང་གྲོང་གསེབ་ཀྱི་ལྗོངས་སྐོར་སོགས་རྣམ་གྲངས་13ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི་5490བཏང་སྟེ་ཆུ་བེད་རྣམ་གྲངས་28ལག་བསྟར་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུར་ཤུགས་བསྣན་ཏེ་དབུལ་སྒྲོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་གྱི་འབྲེལ་མཐུད་ཡོང་བར་དོ་སྣང་བྱས། ཁྱད་ལྡན་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་དང་སྐྱེད་སྲིང་བྱ་རྒྱུར་དམིགས་ཏེ། ཕག་དང་སྦྲང་མ། རྒུན་ཆང་། སེའུ་མངར། ལི་སོབ་སོགས་ཐོན་ལས་གཙོ་གནད་འཕེལ་རྒྱས་བཏང་སྟེ། ཤིང་ཏོག་དང་སྔོ་ཚལ་གྱི་འཕེལ་རྒྱས་ཁུལ་དང་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་ཁུལ། སྐྱེ་ཁམས་སྨན་རྩྭ་འཕེལ་རྒྱས་ཁུལ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་རིམ་བཞིན་ཆགས་ཡོད།

ཚོང་རྟགས་གྲགས་ཅན་གསོ་སྐྱོང་དང་བདེ་འཇགས་ལྟ་སྐུལ་དོ་དམ་ལ་དོ་སྣང་བྱས། གཟི་རྩ་སྡེ་དགུའི་ཨ་མྲ་དང་སྦྲང་རྩི་སོགས་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་དང་། ལྗང་མདོག་བཟའ་བཅའ། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་བཅས་ཁས་ལེན་བྱས་པ་དང་། ལུའོ་དབྱི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་དང་རྔ་བ་ཁུལ་པོ་ཝུན་རོང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི། གཟི་རྩ་སྡེ་དགུའི་གཞིས་ཀའི་རྒུན་འབྲུམ་ཨ་རག་ལས་རིགས་ཀུང་སི། ཀླུ་བདུད་རྡོ་རྗེ་ཐོན་ལས་ཚད་ཡོད་ཀུང་སི་སོགས་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་ལྡན་པའི་ཞིང་ལས་ཁེ་ལས་7སྐྱེད་སྲིང་བྱས་ནས། ཐོན་ལས་དེ་གཞི་ཁྱོན་འོས་འཚམ་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་སྤེལ་བཏང་།

ཁྱད་ལྡན་གྱི་སྐྱེ་ཁམས་ལ་གཞི་ཚུགས་པ་དང་ལྗོངས་སྐོར་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་། གནོད་རྗེས་བསྐྱར་སྐྲུན་དང་ཟུང་འབྲེལ་བྱས་ཏེ་དེང་རབས་ཀྱི་ཞིང་ལས་དང་ལྗོངས་སྐོར་མཉམ་འདྲེས་དཔེ་སྟོན་གླིང་དང་ཞིང་ཆེན་རིམ་པའི་དཔེ་སྟོན་གྲོང་གསེབ་འཛུགས་སྐྲུན་བྱས་ཤིང་། ལྗོངས་སྐོར་སྣེ་ཁྲིད་དང་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་སྐུལ་ཁྲིད། རྒྱུ་ནོར་མཉམ་འདྲེས། དབུལ་སྒྲོལ་རྣམ་གྲངས་སྐྱེད་སྲིང་སོགས་ལ་མཐོང་ཆེན་བྱས་ཏེ། ཐོན་ལས་གླིང་དང་ཀུང་སི། ཞིང་ཁྱིམ་དང་། སྣེ་འདྲེན་ཁེ་ལས་དང་ཞིང་ཁྱིམ། མཉམ་ལས་རྩ་འཛུགས་དང་ཞིང་ཁྱིམ་སོགས་སྦྲེལ་བའི་ཐོན་ལས་དབུལ་སྐྱོར་གྱི་རྣམ་པ་འཚོལ་ཞིབ་བྱས།

ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་། སྔོན་ཐོན་དངོས་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་བའི་ཡོང་འབབ་འཕར་བ་ལ་སྐུལ་སྤེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཞིང་ལས་ལག་རྩལ་མི་སྣ་གླིང་ཁུལ་དུ་ཁྱབ་གདལ་གཏོང་བ་དང་ཞིང་ལས་ལག་རྩལ་མི་སྣ་ཡུལ་ཚོ་ལ་མཉམ་འབྲེལ་དང་གྲོང་སྡེ་རུ་བཅའ་སྡོད་བཅས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཞིང་། མཁས་རྩལ་ཞབས་ཞུའི་ཚོགས་པ་དང་ཚན་རྩལ་སྐོར་སྐྱོད་ཚོ་ཆུང་བཙུགས་ཏེ་དབུལ་བྲལ་གནད་སྒྲོལ་ལ་རམ་འདེགས་བྱས་སོ།།

(གསང་བདག་སྒྲོལ་མ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-21 4 4 阿坝日报藏文 c99091.html 1 གཟི་རྩ་སྡེ་དགུ་རྫོང་གིས་དབུལ་སྒྲོལ་གྱི་ གོམ་སྟབས་ཇེ་མགྱོགས་སུ་བཏང་། /enpproperty-->